国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་འགོ་ཚུགས་དུས་ཁྲུང་ཁྲུང་སྐེ་ནག་གིས་གངས་ཁྲོད་དུ་སྤྲོ་གར་འཁྲབ།

དཔྱིད་འགོ་ཚུགས་པའི་དུས་སུ། བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་སུ་དགུན་སྐྱེལ་བའི་ཁྲུང་ཁྲུང་སྐེ་ནག་བྱང་བོད་མཐོ་སྒང་ལ་འཕུར་ནས་སྒོ་ང་གཏོང་བར་འགྲོ་རྒྱུའི་གྲ་སྒྲིག་བྱེད་འགོ་ཚུགས། ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་གི་སྲོག་ཆགས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་སྐྱེ་ཁམས་འཛུགས་སྐྱོང་གི་ལས་གྲྭ་ལག་ལེན་བསྟར་བས་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ་ལོ་རེ་བཞིན་མང་དུ་ཕྱིན་ཡོད། མིག་སྔར་བོད་ལྗོངས་ཀྱི་ཁྲུང་ཁྲུང་སྐེ་ནག་ཁྲི་ལས་བརྒལ་ཡོད་པ་རེད།

པར་འདི་ཚོ་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་སུ་དགུན་སྐྱེལ་བའི་ཁྲུང་ཁྲུང་སྐེ་ནག་ཁྱུ་གཅིག་རེད།