སྒེའུ་ཁུང་ཕྱི་རོལ་ན།
ཆར་བ་འབབ་བཞིན་འདུག།
ལྷོད་ཀྱིས་འབབ་ཅིང་།
དྲག་ཏུ་བྱོ་བའི།
ཆར་རྡོག་རེ་རེ་ནི།
མ་གཞིར།
འགྲེལ་དཀའ་བའི་འདྲི་གཞི་རེ་རེ་ཡིན་འདུག།
ལག་པར་བྲང་དུ་བཞག་སྟེ་ཅི་ཙམ་བསམ་
གཞིགས་བྱས་ཀྱང་།
དུས་ཚོད་ཀྱིས་ཡོད་ཚད་གཅེར་བུར་བཏང་
པའི་ལོ་ཟླའི་ནང་དུ།
ངས།
སྒྱུ་མའི་ཕོ་བྲང་ལས་བྱོན་པའི་ཆར་རྡོག་རེ་རེ།
ང་ཡི་སྡུག་བསྔལ་མཚོན་བྱེད་ཀྱི་ཆུ་རྐ་ཞིག་ལས།
ཅི་ལའང་ངོས་འཛིན་བྱ་མ་ཐུབ།
༼ ཞོ་ར་བསམ་འགྲུབ་རྒྱལ།༽
