国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ངག་གི་མཚོ་རླབས།

མེ་བུམ་ནང་གི་རྡུལ་དེ་དག།

དེའི་སྟེང་གི་འདབ་མ་དེ་དག།

ཞི་བ་ཞིག་ཀྱང་ཡིན་ལ།

ལྷོད་འཇམ་གྱིས་གྲུབ།

དེ་ཉིད་ངག་གི་རྒྱ་མཚོར་རྟེན་པའི་རླབས་རིས་མང་པོ་ཞིག།

ངག་མ་གྲོལ་བར་དུ་དེ་ཉིད་འགུལ་ཐབས་བྲལ།

ཤེལ་ཕོར་ནང་གི་གཡང་ཊི་སྔོན་མོ་དེ།

དེ་ཉིད་འོད་ཟེར་སྔོན་པོ་དེ།

ཡིད་འོང་གི་ཁ་དོག་ཅིག་ཡིན་ལ།

དྭངས་གསལ་གྱིས་བཞེངས།

འོད་ནི་གཡང་ཊིའི་ལྗོན་པར་འཐིམས་པའི་ཚེ་སྲོག་གི་ཕྱེད་ཀ་ཞིག་ཡིན།

༼ རྣལ། ༽