སྤྱི་ཟླ2པའི་ཚེས24ཉིན་གྱི་ཆུ་ཚོད0ནས24ཡི་བར་དུ། སི་ཁྲོན་དུ་ཏོག་གསར་གློ་ཚད་ཀྱི་ནད་པ12གསར་དུ་བྱུང་འདུག། དེ་ལས་ནད་པ5ནི་ཁྲེང་ཏུའུ་གྲོང་ཁྱེར་དུ་ཡོད་པའི་ས་གནས་རང་གི་ནད་པ་ཡིན་ལ། དེ་དག་ལས་ནད་པ2ནི་ཚེས23ཉིན་ནད་རྟགས་མེད་པའི་ནད་པ་ཡིན་པ་གཏན་ཁེལ་བྱས་པ་ནས་ཚེས23ཉིན་ཏོག་གསར་གློ་ཚད་ཀྱི་ནད་པ་ཡིན་པ་གཏན་ཁེལ་བྱས་པ་དང་།གཞན3ནི་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཀྱི་ནད་པ་དང་འབྲེལ་འདྲིས་བྱས་མྱོང་པས་ཚེས24ཉིན་ཏོག་གསར་གློ་ཚད་ཀྱི་ནད་པ་ཡིན་པ་གཏན་ཁེལ་བྱས་པ་རེད། གཞན་ནད་པ7ནི་ཕྱི་རྒྱལ་ནས་ཡོང་བ་ཡིན་ལ། ཁྲེང་ཏུའུ་རུ་ནད་པ6དང་ལིའང་ཧྲན་གྱི་ནད་པ1ཡིན། ནད་པ་དྲུག་ནི་ཚེས23ཉིན་ནད་རྟགས་མེད་པའི་ནད་པར་གཏན་ཁེལ་བྱས་པ་དང་ནད་པ1ནི་ལིའང་ཧྲན་གྱི་ཡིན།2021ལོའི་སྤྱི་ཟླ12པའི་ཚེས6ཉིན་ལའོ་ཝུའོ་ནས་ཡུན་ནན་དུ་འབྱོར་རྗེས་ཟུར་བཀར་བྱས་ཡོད། སྤྱི་ཟླ་དང་པོའི་ཚེས26ཉིན་ལིའང་ཧྲན་དུ་སླེབས་ཤིང་། སྤྱི་ཟླ2པའི་ཚེས24ཉིན་ཏོག་གསར་གློ་ཚད་ཀྱི་ནད་པ་ཡིན་པ་གཏན་ཁེལ་བྱས་ཡོད།
སྤྱི་ཟླ2པའི་ཚེས24ཉིན་གྱི་ཆུ་ཚོད0ནས24ཡི་བར་དུ།ཞིང་ཆེན་ཡོངས་སུ་ནད་རྟགས་མེད་པའི་ནད་པ6གསར་དུ་བྱུང་འདུག། དེ་ལས་ནད་པ4ནི་ཁྲེང་ཏུའུ་གྲོང་ཁྱེར་དུ་ཡོད་ཅིང་།(ཏེ་དབྱང་དུ་ནད་པ2དང་མེན་དབྱང་དུ་ནད་པ2)གཞན2པོ་ནི་ཕྱི་རྒྱལ་ནས་ཡོང་བ་ཡིན།
གཞན་ཏོག་གསར་གློ་ཚད་ཀྱི་ནད་པ་གཉིས་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་ཡོད་པ་དང་།ནད་ཀྱི་དབང་གིས་རྐྱེན་ལམ་དུ་ཤོར་བའི་ནད་པ་བྱུང་མེད་པ་རེད།
སྤྱི་ཟླ2པའི་ཚེས24ཉིན་གྱི་ཆུ་ཚོད24བར་ཞིང་ཆེན་ཡོངས་སུ་ཉེན་ཁ་འབྲིང་གི་ས་ཁུལ14ཡོད་པ་སྟེ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་སི་མ་ཆའོ་སྲང་ལམ་ཧྲ་ཧོ་ཡུན་ཅིང་ཝན་གཞིས་ཁུལ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀུང་ཕིང་སྲང་ལམ་ཅ་ཀྲའོ་ཡེ་ལི་ཅིང་གཞིས་ཁུལ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཐང་རྫོང་ཀྲའོ་ཀྲེན་སྲང་ལམ་སྐྱེ་ཁམས་ཆུ་གྲོང་གཞིས་ཁུལ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཆུས་ཀྲུང་ཧོ་སྲང་ལམ་ཁྲང་ཁྲེང་ཞིན་ཡོན་གཞིས་ཁུལ་དང་ཧྲི་དབྱང་སྲང་ལམ་ཐེན་ཧྥུ་ཧྲི་ཅཱ་གཞིས་ཁུལ།ཀུའེ་ཞི་སྲང་ལམ་ཧྲི་ལུང་གཞིས་ཁུལ། ཀྲུང་ཧོ་སྲང་ལམ་ཀྲུང་ཏའེ་སི་པིང་ཧོ་ཐིང་གི་ཁང་ཚན་དང་པོ་ཁང་ཚན་བདུན་པ།ཁང་ཚན་བརྒྱད་པ། ཀྲུང་ཧོ་སྲང་ལམ་མིང་ཀྲུའུ་སི་ནན་གཞིས་ཁུལ་གྱི་ཁང་ཚན་བདུན་པ་དང་ཁང་ཚན་བརྒྱད་པ།ཁང་ཚན་དགུ་པ། ཁང་ཚན་བཅུ་པ།ཀྲུང་ཧོ་སྲང་ལམ་ལི་ཧོའོ་ཀུང་ཧྲེ་གཞིས་ཁུལ། ཀུའེ་ཞི་སྲང་ལམ་དབྱིན་ཅུན་གཞིས་ཁུལ་གསུམ་པ།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཐན་ཧྥུ་གྲོང་གསར་ཆུས་ཧྭ་དབྱང་སྲང་ལམ་ལུང་ཧོ་སྡེ་ཁུལ་ཁའེ་ཧྭ་ལི་ཅིང་གཞིས་ཁུལ་དང་ཧྭ་དབྱང་སྲང་ལམ་ཧྥུ་ལུང་སྡེ་ཁུལ་ལི་ཅིང་ཡོན་གཞིས་ཁུལ། ཧྭ་དབྱང་སྲང་ལམ་སི་ཧོ་སྡེ་ཁུལ་སི་ཧོ་གཞིས་ཁུལ།ཧྭ་དབྱང་སྲང་ལམ་ལོའོ་སན་པའོ་ཞིན་ཏན་ཏིའེ་ཅུན་གཞིས་ཁུལ་བཅས་རེད། (བདེ་ཆེན་གྱིས་བསྒྱུར།)