རླབས་རྒྱུན་མང་པོ་ཞིག་བཞུད་མཐར།
ད་གཟོད།
ང་རང་སུ་ཞིག་ཡིན་པ་གཞི་ནས་རྟོགས།
ཨོ། ང་ནི་རི་སྒང་གི་དར་ལྕོག་ཅིག་སྟེ།
ཐོབ་མེད་ཀྱི་ཁ་ཕྱོགས་འཚོལ་བའི་བེམ་པོ་ཞིག།
ནམ་ཞིག་གི་ཚེ་ན།
ཅི་ཞིག་རྙེད་སྲིད་པ་ཁྱེད་ཀྱིས་རྟོགས་མི་སྲིད་ལ།
ངས་ཀྱང་ཤེས་ཐབས་བྲལ།
གང་ལྟར།
ལྷགས་རླུང་དང་བསིལ་རླུང་།
ཁ་བ་བུ་ཡུག་གི་དམར་འཛིང་སོགས་ཀྱི་ཁྲོད་ནས།
ང་ནི་རིམ་བཞིན་ན་སོན་གྱིན་མཆིས།
༼ ར་པོ།༽