国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཚོ་སྔོན་པོའི་བཀླགས་ཚོར་ཕྲན་བུ།

ང་རང་གི་ཕ་ཡུལ་ན་མཚོ་སྔོན་པོ་གཅིག་ཀྱང་མེད། ང་རང་སློབ་གྲྭར་མ་སོང་བའི་སྔོན་ལ་མཚོ་སྔོན་པོ་ལ་ཐེངས་གཅིག་སོང་མྱོང་། ཐེངས་དང་པོར་ངས་མཛེས་ཤིང་ཡིད་དུ་འོང་བའི་མཚོ་མོ་དེ་མཐོང་དུས། ངའི་སེམས་ལ་མཚོ་མོ་འདི་ནི་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན་པར་འདོད། དེའི་སྐབས་སུ་ང་རང་བྱིས་པ་ཆུང་ཆུང་ཡིན་པའི་རྐྱེན་གྱིས་རྩོམ་ཐུང་ཞིག་འབྲི་བསམ་ཡང་འབྲི་མི་ཤེས། ད་ལྟ་ང་རང་གིས་མཚོ་སྔོན་པོ་ཞེས་པའི་ཐ་སྙད་གསུམ་སྦྱངས་ཚར་སྟབས། ངས་སློབ་ཚན་དེ་སྦྱོངས་བའི་སྐབས་སུ་མཚོ་སྔོན་པོ་ནི་གཡུ་ཡི་མེ་ལོང་ལྟར་དྭངས་ཤིང་གསལ་བ་ཞིག་ཡིན་པར་འདོད། སློབ་ཚན་དེ་སྦྱངས་མ་ཐག་ཏུ་མཚོ་སྔོན་པོ་ནི་ཆེས་སྦྱང་འདོད་ཆེ་བའི་སློབ་ཚན་ཞིག་ཡིན་པར་བསམ།

མཚོ་སྔོན་པོ་ནི་ཧ་ཅང་སྔོ་ལ་ནམ་མཁའ་དང་དབྱེ་བ་འབྱེད་དཀའ། མཚོ་སྔོན་པོ་དང་ནམ་མཁའ་གཉིས་ཀྱི་བར་ལ་སྤྲིན་ཡོད་པའི་རྐྱེན་གྱིས་དབྱེ་བ་ཅུང་ཙམ་འབྱེད་ཤེས།

མཚོ་ཆུ་ཡི་འགྲམ་ཟུར་ན་མེ་ཏོག་སྣ་ཚོགས་སྡུག་གུར་བཞད་ཡོད། ད་དུང་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ནས་སྔོ་ལྗང་གི་རྩྭ་ཐང་དུ་རྩྭ་ཆུ་ལ་རོལ་བཞིན་ཡོད། མཚོ་སྔོན་པོའི་ནང་དུ་ཡོད་པའི་ཉ་རྣམས་ཀྱིས་ཀྱང་མཆོང་ལྡིང་གར་ལ་རོལ་བཞིན་འདུག། ང་རང་མཚོ་སྔོན་པོ་ཞེས་པའི་སློབ་ཚན་འདི་སྦྱང་བར་ཧ་ཅང་དགའ། རྒྱུ་མཚན་ནི་མཚོ་སྔོན་པོའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པའི་རྐྱེན་གྱིས་རེད།

༼ ཀུན་སྐྱིད།༽