国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྣུམ་གོང་འཕར་ནས་སྣུམ་ཟོམ་གང་ལ་ སྒོར32སྤར་ཡོད།

སྤྱི་ཟླ3ཚེས17ཉིན་གྱི་ཆུ་ཚོད24ཡི་བར། རྒྱལ་ནང་གི་སྣུམ་གོང་སྙོམས་སྒྲིག་བྱེད་འགོ་བཙུགས་པ་རེད། ཉེ་དུས་རྒྱལ་སྤྱིའི་སྣུམ་གོང་ཆེས་ཆེར་འཕར་ཡོད། དབྱེ་ཞིབ་མི་སྣས་སྔོན་དཔག་བྱས་པར་གཞིགས་ན། རྒྱལ་ནང་གི་སྣུམ་གོང་ཡང་དེ་དང་ཆབས་ཅིག་ཏུ་མཐོ་རུ་ཕྱིན་ནས་འདི་ལོའི་རིན་གོང་འཕར་ཐེངས་ལྔ་པར་གྱུར།

ཅིན་ལེན་ཁྲོང་གིས་ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། སྤྱི་ཟླ3ཚེས16ཉིན་བར། སྣུམ་གོང་གི་མ་གནས་སྙོམས་སྒྲིག་དུས་འཁོར་གྱི་དཔྱད་གཞིའི་མ་བཅོས་རྡོ་སྣུམ་གྱི་ཆ་སྙོམས་རིན་གོང་ཟོམ་གང་ལ་ཨ་སྒོར1113.17ཡིན་པ་དང་། འགྱུར་ལྡོག་བྱུང་ཚད་བརྒྱ་ཆ14.88ལ་ཟིན་ཞིང་། རྒྱལ་ནང་གི་རླངས་འཁོར་དང་བད་སྣུམ་གྱི་སིལ་ཚོང་རིན་གོང་ཏུན་རེར་སྒོར820བར་འཕར་ཡོད་པ་དང་། སྔོན་དཔག་བྱས་ན། ད་ཐེངས་ཀྱི་འཕར་ཚད་ཏུན་རེར་སྒོར800ཡས་མས་ཟིན་ནས། 2013ལོའི་རིན་གོང་གཏན་འཁེལ་ལམ་སྲོལ་གསར་པའི་གཏན་འབེབས་ཚུན་གྱི་ཚད་གཞི་མཐོ་ཤོས་སུ་གྲུབ།

རིན་གོང་ལ་ཕབ་ན། རླངས་སྣུམ་ཨང92པ་དང་བད་སྣུམ་ཨང0པ་སོ་སོར་ཧྲེང་རེར་སྒོར0.64དང0.70སྤར་བ་དང་། སྣུམ་ཟོམ་ཤོང་ཚད་ཧྲེང50ཅན་གྱི་སྒེར་འཁོར་དཀྱུས་མ་ལ་ཆ་མཚོན་ན། སྣུམ་ཟོམ་གང་བླུགས་ན་དེ་སྔོན་ལས་སྒོར་མོ32ཙམ་མང་བ་སྤྲད་དགོས་པ་རེད།

ཀྲོ་ཁྲོང་དཔྱད་ཡིག་ཆ་འཕྲིན་ཞིབ་འཇུག་ཁང་གི་ཀྲུང་ཅན་གྱིས་དེང་སྐབས་སྣུམ་རིན་སྔར་བཞིན་མཐོ་པོ་ཡོད་མོད། འོན་ཀྱང་ཡུན་རིང་གི་ཉོ་ཚོང་བསྡོམས་རྩིས་རིན་གོང་རིམ་བཞིན་དམའ་རུ་ཕྱིན་ཡོད། ན་ལོའི་ཟླ་བ9པར་བསྡོམས་རྩིས་བརྒྱབ་པའི་རིན་གོང་ཨ་སྒོར92ཡིན་པ་དང་ཟླ་བ12པར་ཨ་སྒོར87ལས་ཟིན་གྱི་མེད་པས། དེས་ཉོ་མཁན་དང་ཚོང་པ་ཕྱོགས་གཉིས་པོས་མ་འོངས་པའི་སྣུམ་གོང་མཐོ་བའི་སྔོན་དཔག་ཁས་ལེན་བྱེད་མེད་པ་གསལ་བཤད་བྱས་ཡོད་ཅེས་བཤད།

ཅིན་ལེན་ཁྲོང་དབྱེ་ཞིབ་མཁས་ཅན་ཞི་ཅ་རུའེ་ཡིས་མ་བཅོས་རྡོ་སྣུམ་གྱི་རིན་གོང་ཉིན་ཁ་ཤས་བསྟུད་མར་ཆག་པ་དེ་སྣུམ་གོང་ཚུལ་མཐུན་ལས་ཕྱིར་ལོག་པ་རེད། གལ་ཏེ་ས་མཚམས་ཆབ་སྲིད་ཀྱི་གནས་ཚུལ་མུ་མཐུད་དེ་ཇེ་སྡུག་ཏུ་མི་འགྲོ་ན། རྒྱལ་སྤྱིའི་སྣུམ་རིན་ཅུང་ལུགས་མཐུན་ངང་འཁོར་སྐྱོད་བྱེད་པའི་བར་མཚམས་ནི་སྣུམ་ཟོམ་གང་རེ་ལ་ཨ་སྒོར90ནས100བར་ཡིན་པ་དང་། གལ་ཏེ་ས་བབ་ཀྱི་གནས་ཚུལ་ཞི་ལྷོད་དུ་ཕྱིན་ན། རྒྱལ་སྤྱིའི་སྣུམ་གོང་དེ་ཟོམ་གང་རེར་ཨ་སྒོར90མན་དུ་ཆག་འགྲོ་རྒྱུ་རེད། ད་སྔའི་མ་བཅོས་རྡོ་སྣུམ་ཚོང་རའི་གཞི་རྩའི་ཁོར་ཡུག་དང་ཟུང་འབྲེལ་བྱས་ན། བལྟོས་བཅས་ཀྱི་ལུགས་མཐུན་གྱི་འཁོར་སྐྱོད་བར་ཁོངས་ནི་ལོ་རེར་ཨ་སྒོར80ནས90བར་ཡིན་ཞེས་བཤད། (མི་དམངས་དྲ་བ་ནས་དྲངས།)