国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉིང་ཞའི་ས་གནས་ཁག་གིས་སོ་ནམ་ལས་ལ་བྲེལ་ཞིང་བརྩོན།

གནམ་གཤིས་དྲོ་རུ་ཕྱིན་ནས་དཔྱིད་རྨོད་དུས་སུ་སླེབས། ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ཐུང་ཞིན་རྫོང་གི་ཞིང་པས་དུས་ཚོད་མྱུར་འཕྲོག་སྒོ་ནས་གྲོ་འདེབས་ཀྱི་ཡོད། ཞིང་ནང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་ཞིང་པའི་བཞིན་རས་སུ་རེ་བའི་འཛུམ་མདངས་འཆར།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོར་ཐུང་ཞིན་རྫོང་གི་གྲོའི་འདེབས་ཁྱོན་མུའུ་ཁྲི6ཡན་ལ་ཟིན་རྒྱུ་རེད། ཐུང་ཞིན་རྫོང་གིས་ལག་རྩལ་མཛུབ་ཁྲིད་ཞབས་ཞུར་དང་འདེབས་འཛུགས་བྱེད་སྟངས་ལེགས་སུ་གཏོང་བར་ཤུགས་བརྒྱབ་པ་དང་། ཞིང་ལས་རྒྱུ་ཆའི་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྨོ་ཞིང་སྲུང་སྐྱོང་གི་དམིགས་འབེན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཤིང་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་མཁོ་སྤྲོད་ལ་འགན་ལེན་བྱས་པ་རེད།