མི་ལགས།
སྟོན་ཁས།
ཁྱོད་ལ་ཅི་ཞིག་བཞག་བྱུང་།
མེ་ཏོག་གི་སྣང་བརྙན་དང་།
རི་དྭགས་ཀྱི་སྣང་བརྙན།
གང་ཞིག་བཞག་བྱུང་།
མི་ལགས།
མི་ཚོས་བཤད་ན།
ངས་ཁྱོད་རང་དུར་འཇུག་བྱས་སོང་ཟེར།
ངས་ཁྱོད་རང་ལོང་བ་བྱས་བཞག་ཟེར།
སྟོན་ཁས་དཀྲོལ་བའི་རོལ་དབྱངས་དེས།
ཁྱོད་ཀྱི་སེམས་ལ་བྱིལ་བྱིལ་བྱེད་དུས།
ངས། ནམ་མཁའི་སྐར་མར་བལྟས་
ཏེ་བསྡད་ཡོད་ངེས།
མི་ལགས།
ང་ལ།
མཚན་མོ་རེ་རེར།
རྨི་ལམ་རེ་ཡོད།
རྨི་ལམ་དེ་ནི་ཤོག་བྱ་ཞིག་རེད།
ཤོག་བྱ་དེའི་སྐུད་སྣེ་བྱིས་པ་
དེའི་ལག་ཏུ་ཡོད།
བྱིས་པ་དེ་ཁྱོད་རང་ཡིན།
མི་ལགས།
མི་ལགས།
ད་ལྟ་ངས།
ཁྱོད་ལ་སྐད་ཆ་ཞིག་བཤད་འདོད།
ཡིན་ན་ཡང་། དེ་འོས་མིན་མི་ཤེས།
༼ ཐོར་བུ། ༽