国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་ཐུང་ངུ།

༄༅།། ཉེ་ཆར། ཁུལ་སྲིད་གྲོས་ཀྱིས་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་གཉིས་པ་དང་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གསུམ་པ་དར་མདོར་འཚོགས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཡི་ཧྲུའུ་ཅི་ལེ་ཅན་ཕིང་གིས་ཚོགས་འདུའི་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་། ཚོགས་འདུའི་ཐོག་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་སོ་བདུན་པའི་ཐོག་གནང་བའི་གསུང་བཤད། སྲིད་གྲོས་ཀྱི་སྒྲིག་ཡིག་དང་དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་ལས་དོན་ཚོགས་འདུ་སོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

༄༅།། ཉེ་ཆར། 2022ལོའི་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྱི་བརྙན་འཕྲིན་ཚོགས་འདུ་དར་མདོར་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲོད་བསྟེན་བདེ་ཐང་གི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྱི་ཚོགས་འདུའི་སྙིང་དོན་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། 2021ལོའི་འཕྲོད་བསྟེན་བདེ་ཐང་གི་ལས་ཀར་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང2022ལོའི་འཕྲོད་བསྟེན་བདེ་ཐང་གི་ལས་ཀར་བཀོད་སྒྲིག་བྱས་པ་རེད།