国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ད་ཆར། ཡུལ་སྡེ་དར་རྒྱས་གཏོང་བའི་གོམ་སྟབས་ཇེ་མགྱོགས་དང་ཉག་ཆུ་རྫོང་གི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏང་ཆེད། དབྱི་པིན་གྲོང་ཁྱེར་རོགས་སྐྱོར་ལས་སྒྲུབ་རུ་ཁག་དྲུག་པས་འབྲེལ་མཐུད་བྱས་པར་བརྒྱུད། དབྱི་པིན་གྲོང་ཁྱེར་ཅིན་ཡུས་ཧེང་ཧྥེང་ཞིང་ལས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཁུར་བ། མཐོ་རིམ་ཞིང་ལས་ལག་རྩལ་མཁས་ཅན་དབྱང་ཅུན་དང་བཅས་པ་ཉག་ཆུ་རྫོང་མིག་ནོར་ཡུལ་ཤོག་ཏུ་དཔྱིད་དུས་སྔོ་ཚལ་འདེབས་འཛུགས་ལག་རྩལ་གྱི་གསོ་སྦྱོང་ཡུལ་དངོས་སུ་ཕེབས་པ་རེད། ཉག་ཆུ་རྫོང་གི་འབྲེལ་ཡོད་ལས་སྒྲུབ་མི་སྣ་དང་མང་ཚོགས་ཁྱོན་བསྡོམས20ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།