国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀོང་ཞིའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི་བདམས་ཐོན་བྱུང་།

ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ ནས་བདམས་ཐོན་བྱུང་ཡོད།

སྤྱི་ཟླ4པའི་ཚེས21ནས22ཉིན་བར། ཀྲུང་གོ་གུང་ཁྲན་ཏང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱིས་འཐུས་ཚབ་ཚོགས་འདུ་ནན་ཉིང་དུ་འཚོགས་ཤིང་། ཚོགས་འདུ་རུ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི་བདམས་ཐོན་བྱུང་། ཀོང་ཞི་རུ་འདེམས་བསྐོའི་ཁྲོད་ཞུགས་པའི་ཏང་ཀྲུང་དབྱང་གི་འོས་མིང་དུ་ཚུད་པའི་འཐུས་ཚབ་འོས་མི་སྟེ་བློ་མཐུན་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་།

ཚེས22ཉིན་གྱི་སྔ་དྲོར། ཚོགས་ཆེན་གྱི་འདེམས་བསྐོ་དངོས་སུ་འགོ་བརྩམས་པ་དང་། ཚོགས་ཆེན་དུ་བློ་མཐུན་ཞི་ཅིན་ཕིང་འདེམས་བསྐོའི་ཁྲོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱེད་སྐབས། ཚོགས་ར་ཡོངས་སུ་ཡུན་རིང་པོར་དགའ་སྤྲོའི་ཐལ་མོ་རྡེབ་སྒྲས་ཁེངས།

འཐུས་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་ནི་ཀོང་ཞིའི་ཏང་ཡོན་ཁྲི250ལྷག་དང་། གཞི་རིམ་ཏང་རྩ་འཛུགས་ཁྲི15ལྷག་གི་ཐུན་མོང་གི་འདོད་འདུན་ཡིན་ལ། ཀོང་ཞིའི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲི་ཚོ5700ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལྷག་བསམ་དག་པའི་བརྩི་བཀུར་བྱེད་པ་མཚོན་པ་དང་། མི་དམངས་དུང་ཕྱུར་ཁྲི་སྟོང་མང་པོ་བསྐྱར་དར་རླབས་ཆེན་གྱི་ལམ་སྟོན་པའི་རྗེས་སུ་འབྲངས་ནས་ཞུམ་མེད་མདུན་སྐྱོད་བྱེད་ཅིང་། སྔར་ལས་བཟང་བའི་འབྱུར་འགྱུར་གྱི་ཐུན་མོང་གི་སེམས་གཏམ་དང་རེ་འདུན་དྲག་པོ་མཚོན་ཡོད་པར་འདོད།

འཐུས་མི་རྣམས་ཀྱིས་བསྟན་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། བློ་ཐག་རྦད་ཆོད་ཀྱིས“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་དང་། སྲོག་ཤིང་ལ་བློ་དཀར་ཞིང་སྲོག་ཤིང་ལ་བཀུར་བརྩི་བྱེད་པ། སྲོག་ཤིང་ལ་སྲུང་སྐྱོང་བྱེད་པ། སྲོག་ཤིང་ལ་བརྟན་སྲུང་བྱེད་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་ལྕག་དེ་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་ལ་བསྒྱུར་ནས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས།།

( མཁས་འགྲུབ་ནོར་བུས་བསྒྱུར།)