国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉེ་ཆར། གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་གྱི་གྲོང་སྡེའི་འདེབས་འཛུགས་དུད་ཚང་གིས་སྔ་རྗེས་སུ་དཔྱིད་རྨོད་ལས་དོན་སྤེལ་བ་རེད། སྐྱ་གད་གྲོང་རྡལ་གྱིས་དཔྱིད་རྨོད་དུས་སྐབས་དམ་འཛིན་བྱས་པ་དང་རིམས་ནད་འགོག་སྲུང་མཉམ་འཛིན་བྱེད་པའི་དུས་མཚུངས་སུ། ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ལས་དོན་སོ་སོ་དམ་འཛིན་བྱས་པ་དང་ཞིང་སྤྱོད་དངོས་རྫས་ཚོང་རའི་ལྟ་སྐུལ་ལ་ཤུགས་ཏན་ཏིག་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཡུལ་སྡེ་དར་རྒྱས་དེ་ཡུལ་ཤོག་དང་གྲོང་རྡལ་སོ་སོའི་ལས་དོན་ཁྲོད་ཀྱི་གཙོ་གནད་དུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་དཔྱིད་རྨོད་ལས་དོན་སྤེལ་བ་དང་མགོ་ལེགས་པོ་ཚུགས་པར་འགན་ལེན་བྱས། དུས་མཚུངས་སུ་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་ནས་རྣམ་པ་མང་པོའི་སྒོ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཞིང་ལས་རྒྱུ་ཆ་ཉོ་སྒྲུབ་སྐབས་ཀྱི་དོ་སྣང་བྱེད་ཡུལ་དང་ཞིང་ཕན་སྲིད་ཇུས། ཞིང་ལས་ཆ་འཕྲིན་སོགས་སྒྲོག་འགྲེལ་བྱས་པ་རེད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཞིང་རྨོའི་དུས་ཚོད་དམ་འཛིན་དང་དཔྱིད་རྨོད་འགན་ལེན། ཧུར་ཐག་གིས་ཞིང་ལས་ཐོན་སྐྱེད་སྤེལ་བ་སོགས་ལ་སྣེ་ཁྲིད་བྱས་པ་རེད། པར་རིས་འདི་ནི་རི་ཐོད་གྲོང་སྡེ་དང་རི་ངོས་གྲོང་སྡེའི་གྲོང་མི་ཚོས་ས་ཞིང་ནང་དུ་ལུད་རྒྱག་པ་དང་འགྱིག་ཤོག་འགེབ་བཞིན་པའི་ཚུལ་རེད།།