国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སློབ་རའི་སྤྲོ་སྣང་།

སློབ་ར་གཡང་ཁྱིམ་གྲུ་བཞི།།

དགེ་རྒན་དྲིན་ཆེན་ཕ་མ།།

གཞན་ཕན་རིག་གནས་སྦྱིན་པ།།

དགེ་རྒན་བཟང་པོའི་རྒྱན་ཡིན།།

སློབ་ར་རིག་གནས་སྡེ་ཁག།

སློབ་གྲོགས་རིན་ཆེན་སྤུན་བཟང་།།

མི་འགྱུར་རིན་ཆེན་མཛའ་བརྩེ།།

སྤུན་ཟླ་བཟང་པོའི་རྒྱན་ཡིན།།

སློབ་ར་རིག་གནས་རྒྱ་མཚོ།།

སློབ་མ་གཤོག་དྲུག་ཕོ་ཉ།།

སློབ་མ་བརྩོན་སེམས་ལྡན་པ།།

སློབ་མ་བཟང་པོའི་རྒྱན་ཡིན།།

སློབ་དཔོན་བྱམས་ལྡན་རྒྱ་མཚོ།།

སློབ་མ་བརྩོན་འགྲུས་རབ་བརྟན།།

སློབ་རའི་ཚལ་དུ་འཛོམས་ན།།

སློབ་གསོའི་ལས་དོན་འགྲུབ་ཡོང་།།

༼ སློབ་མ། ཉི་མ་ཚེ་རིང་།༽