国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སློབ་ཚན་གྲོལ་རྗེས་ཞབས་ཞུ་བྱས་ཏེ“ཉུང་འཕྲི་ གཉིས”ལ་རོགས་སྐྱོར་བྱེད།

སློབ་མ་ཚོས་སློབ་གསེང་ལུས་སྦྱོང་བྱེད་བཞིན་པ།

སློབ་མ་ཞིག་གིས་སྤོ་ལོའི་རྒྱག་རྩལ་སྦྱོང་བཞིན་པ།

སློབ་མ་ཞིག་གིས་རྐང་རྩེད་སྤོ་ལོའི་རྒྱག་རྩལ་སྦྱོང་བཞིན་པ།

ཁྲི་འདུ་རྫོང་རིག་གནས་རོལ་རྩེད་ལྟེ་གནས་སློབ་ཆུང་ནི་མཚོ་འཕགས་སྨི4500ཡན་ཆད་ཡོད་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ་ཡོད་པ་རེད། “ཉུང་འཕྲི་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་སློབ་གྲྭས་སློབ་ཚན་གྲོལ་རྗེས་ཞབས་ཞུ་བྱས་ཏེ་ལུས་རྩལ་དང་རོལ་དབྱངས།མཛེས་རྩལ།ཞབས་བྲོ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་མཐོ་སྒང་འབྲོག་ཁུལ་གྱི་ཕྲུ་གུ་ཚོའི་སློབ་གསེང་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བས་ཕྲུ་གུ་ཚོ་བདེ་སྐྱིད་ངང་འཚར་ལོངས་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་ཡོད་པ་རེད།