国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རི་བོ་རྩེ་ལྔ།

འདི་ལ་བོད་སྐད་དུ་ཡོངས་སུ་གྲགས་པར་རི་བོ་རྩེ་ལྔ་དང་མིང་གཞན་རི་བོ་དྭངས་བསིལ་ཡང་ཟེར་ཞིང་། ནང་པའི་ཆོས་ལུགས་པ་རྣམས་ཀྱིས་འཇམ་དཔལ་དབྱངས་དངོས་སུ་བཞུགས་པའི་ཞིང་ཁམས་ཡིན་པར་ཁས་ལེན། མཚོ་འཕགས་སྤྱི་ཁྲི་ཉིས་སྟོང་བརྒྱད་བརྒྱ་དགུ་བཅུ་གོ་དྲུག་ཡོད་ཅིང་། རིའི་རྩ་བ་གཅིག་ལ་རྩེ་མོ་ལྔར་གྱེས་ཏེ། 1.དབུས་སུ་གསེར་གྱི་རི་བོ་སེང་གེ་འགྱིང་འདྲ། 2.ཤར་དུ་ཤེལ་གྱི་རི་གླང་ཆེན་འགྱིང་འདྲ། 3.ལྷོ་ཨ་ཀྲོའུ་རི་བོ་རྟ་མཆོག་ཉལ་འདྲ། 4.བྱང་དུ་ཨིན་ནི་ལའི་རི་བོ་ཤང་ཤང་བསྣོལ་བ་འདྲ། རྒྱས་པར་རི་བོ་རྩེ་ལྔའི་མཁན་པོ་དཔལ་ལྡན་གྲགས་པ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ།སོག་པོ་ལོ་ཆེན་མགོན་སྐྱབས་བཅས་སོ་སོས་མཛད་པའི་དེའི་དཀར་ཆག་རྣམས་སུ་གསལ།། ( རྩོམ་སྒྲིག་པས་འཚོལ་སྡུད་བྱས།)