༄༅།། སྤྱི་ཟླ5པའི་ཚེས6ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བདེ་འཇགས་འཛུགས་སྐྱོང་དང་གཙོ་གནད་ལས་ཀའི་འཆར་ཅན་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། འབྲེལ་ཡོད་ལས་ཀ་སྐུལ་འདེད་བཏང་ཚུལ་སྙན་སེང་ཞུས་པར་ཉན་འཇོག་བྱས་པ་དང་ཉེ་དུས་ཀྱི་གཙོ་གནད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུར་གཙོ་འགན་བཞེས་པར་ཟད་གསུང་བཤད་གནང་བ་རེད།།
༄༅།། སྤྱི་ཟླ5པའི་ཚེས6ནས་ཚེས7ཉིན་གྱི་བར། ཞིང་ཆེན་ཏང་ཨུའི་སློབ་གསོའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཅན་ཆིན་གྱི་རང་ཁུལ་གྱི་དར་མདོའི་སློབ་འབྲིང་དང་དར་མདོ་གྲོང་ཁྱེར་གྱི་ཧུའེ་རིགས་སློབ་ཆུང་། སི་ཁྲོན་མི་རིགས་སློབ་གླིང་། ལྕགས་ཟམ་སློབ་ཆུང་སོགས་སུ་ཕེབས་ནས་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།།
