国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། སྤྱི་ཟླ5པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གཙོ་འགན་བཞེས་ནས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས8པ་འཚོགས་ཤིང་། 《ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུ་སྐོར་གྱི་བསམ་འཆར》གྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། 《དཀར་མཛེས་ཁུལ་བཟའ་བཅའ་ཉེན་མེད་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་འཚུབ་བསྟུན་སྔོན་ཇུས་ཀྱི་ཞིབ་བཤེར་ཞུ་རྒྱུའི(ཚོད་ལྟ་ལག་བསྟར)(མ་ཟིན)》དང《དཀར་མཛེས་ཁུལ་ཡུལ་ཤོག་དང་གྲོང་རྡལ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཚོད་ལྟའི་ཇུས་གཞིའི་ཞིབ་བཤེར་ཞུ་རྒྱུའི་འཆར་ཟིན(མ་ཟིན)》སོགས་གྲོས་གཞིར་གྲོས་ཞིབ་བྱས་པ་རེད།།

༄༅།། སྤྱི་ཟླ5པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་ཚན་ཁག་གི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས་གཙོ་འགན་བཞེས་ནས་ཁུལ་སྲིད་གཞུང་ཏང་ཚན་ཁག་གི2022ལོའི་རྒྱས་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཉེ་དུས་ཀྱི་ཚོགས་འདུ་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་རེད།།