ཁྲ་ཚོམས་མེ་ཏོག་བཞད་པའི་སྤང་ལྗོངས་ན། །
ན་ཆུང་བུང་བའི་ཚོགས་རྣམས་གར་ལ་རྩེན། །
རྟ་ནོར་ལུག་གིས་སྔོ་ལྗང་རྩྭ་ཐང་ཁེབས། །
ང་ཡི་ཕ་ཡུལ་གཡང་གི་ར་བ་ཡིན། །
དྭངས་གསལ་མཚོ་ལ་ཤར་བའི་ཉ་གང་དང་། །
དོ་ནུབ་ནམ་མཁའི་སྐར་ཚོགས་མཐོང་བ་ན། །
མིག་ཟུང་གཉོམ་པོ་ཕ་ཡུལ་ཕྱོགས་ལ་འཁྲེང་། །
ཕ་ཡུལ་གཡང་གི་རུ་མའི་འཚོ་གནས་ཡིན།།
གཙང་ཆུ་སྔོན་མོ་ལྷུང་ལྷུང་མདུན་དུ་བཞུར། །
སྒོ་ཕྱུགས་བག་ཡངས་རྩྭ་ཆུ་རོལ་དང་ལྷན། །
ཡུལ་མིའི་དགོད་སྒྲ་འཁྱིལ་སའི་སྤང་ཁུད་དེ། །
དྲན་པའི་ཀློང་གི་ཕ་ཡུལ་ཅི་འདྲའི་མཛེས། །
ཁྲ་ཚོམ་དཔྱིད་ཀྱི་མེ་ཏོག་རྣམ་པར་བཀྲ། །
ཡིད་འོངས་སྦྲང་ཆར་བསིལ་མ་འབབ་པའི་ཁྲོད། །
སྐྱིད་པའི་འབྲོག་གི་ལ་དང་ལུང་པ་རྣམས། །
བུ་མོ་ང་ཡི་སེམས་ཀྱི་དྲན་ཤིང་ཡིན། །
༼ སློབ་མ། དབང་ཐང་སྐྱིད།༽
