国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ལམ318པའི་དར་མདོ་གྲོང་ཁྱེར་བརྒལ་མཚམས་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།

ཧྲེན་དབྱང་གིས་རླངས་འཁོར་ཤར་གཏོང་ཐུབ་པ་ཁྱབ་བསྒྲགས་གནང་བ་དང་། ཧྥུང་ཧྥ་ཀུའེ་ཡིས་ཤིས་ཚིག་འབུལ། ཧྲུའུ་ཏ་ཁྲུན་མཛད་སྒོར་ཞུགས།

སྤྱི་ཟླ5པའི་ཚེས20ཉིན་ལ། རྒྱལ་ལམ318པའི་དར་མདོ་གྲོང་ཁྱེར་བརྒལ་མཚམས་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་མཛད་སྒོར་ཞུགས་པར་མ་ཟད་རླངས་འཁོར་ཤར་གཏོང་ཐུབ་པ་ཁྱབ་བསྒྲགས་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཤིས་ཚིག་ཕུལ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་མཛད་སྒོར་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་གཙོ་སྐྱོང་གནང་། ཧྥུང་ཧྥ་ཀུའེ་ཡིས་ཤིས་ཚིག་འབུལ་སྐབས། རྒྱལ་ལམ318པའི་དར་མདོ་གྲོང་ཁྱེར་བརྒལ་མཚམས་གཞུང་ལམ་དུམ་བུ་ནི་སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་ལྟེ་བའི་ལས་གྲྭ་གལ་ཆེན་ཞིག་ཡིན་ལ། མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན་པས། དཀར་མཛེས་ཁུལ་གྱི་བུ་རྒྱུད་ཚོས་བདེ་སྐྱིད་འཚོ་བར་བཅངས་པའི་བརྩེ་སེམས་མཚོན་གྱི་ཡོད་ཅེས་གསུངས། མཛད་སྒོའི་སྔོན་ལ་ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་རྒྱལ་ལམ318པའི་དར་མདོ་གྲོང་ཁྱེར་བརྒལ་མཚམས་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུར་གསན་འཇོག་གནང་ཞིང་། རྒྱལ་ལམ318པའི་དར་མདོ་གྲོང་ཁྱེར་བརྒལ་མཚམས་གཞུང་ལམ་ལས་གྲྭ་ནི་ཁྲོན་བོད་ལྷོ་རྒྱུད་ནས་བོད་ལྗོངས་སུ་བསྐྱོད་པའི་ལམ་ཆེན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དར་མདོའི་མཛའ་གཞས་ལམ་ཆེན་གྱི་འགྲམ་དུ་གནས་པའི་སྣུམ་སྣོན་ས་ཚུགས་ཀྱི་ཁ་གཏད་གནས་ནས་འགོ་འཛུགས་པ་དང་། དེ་ནས་འགོ་ཚུགས་ལམ་མདོ་དང་རྫིང་བྲག་རི་བོའི་ཕུག་ལམ། གཡག་ར་ལྟག་སྒོའི་ཚོན་ཟམ་བསྣོམ་མ། ས་དཀར་སྒང་ཕུག་ལམ། རེན་ཅ་ལུང་པའི་ཕུག་ལམ་བཅས་བརྒྱུད་དེ། ལམ་གཉིས་མདོ་གྲོང་སྡེའི་རྒྱལ་ལམ318པ་དང་སྦྲེལ་ཡོད། ལས་གྲྭའི་སྤྱིའི་རིང་ཚད་སྤྱི་ལེ9.013ཡོད་ཅིང་། གཞུང་ལམ་རིམ་པ་གཉིས་པའི་ཚད་གཞི་སྤྱད་པ་དང་ཆུ་ཚོད་རེ་རེའི་མྱུར་ཚད་སྤྱི་ལེ40ཡིན། གཞུང་ལམ་བསྐྲུན་རྗེས་རླངས་འཁོར་ཆེ་གྲས་གྲོང་ཁྱེར་མཐིལ་ལ་སྐྱོད་མི་དགོས་པ་དང་། གྲོང་མཐིལ་དུ་རླངས་འཁོར་འཚང་ཁ་ཆེ་བའི་གནས་ཚུལ་ལེགས་བཅོས་གཏོང་ཐུབ། དར་མདོ་གྲོང་ཁྱེར་གྱི་རྒྱ་ཡུལ་ལྟག་སྒོ་དང་གཡག་ར་ལྟག་སྒོ། དར་མདོ་གྲོང་ཁུལ་གསར་པ་བཅས་བར་འབྲེལ་མཐུད་མྱུར་པོ་ཡོང་ཐུབ་ཅིང་། རྒྱལ་ལམ4218པའི་མྱུར་བགྲོད་གཞུང་ལམ་དང་གཞོགས་འདེགས་ཀྱི་ཚུལ་དུ་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་གཉིས་ཆ་ནས་དར་མདོ་བརྒལ་ཆོག་པར་མ་ཟད། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ལེ་ལག་ཚང་བའི་སྐྱེལ་འདྲེན་གྱི་ལམ་རྒྱུད་གལ་ཆེན་ཞིག་ཡིན་པས། ས་ཁོངས་ཀྱི་ལམ་དྲྭའི་ཤར་བགྲོད་ནུས་པ་ཆེ་རུ་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བསྐུལ་ཞིང་། མི་རིགས་མཐུན་སྒྲིལ་སྤེལ་བ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ངོས་ནས་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)