国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྷ་སྒང་སློབ་ཆུང་གིས་བོད་ཀྱི་ལོ་སར་རོལ་སྟངས་འཁྲབ་སྟོན་བྱས།

མདོ་འཛིན་པས་བྱེད་སྒོ་ངོ་སྤྲོད་བྱེད་བཞིན་པ།

བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ནས་བོད་ཟླ་དང་པོའི་ཚེས་གསུམ་བར་གྱི་ལོ་སར་རོལ་སྟངས།

བོད་ཟླ་བཅུ་གཉིས་པའི་གནམ་གང་ཉིན་ལོ་སྐལ་སྐྱེལ་བ་དང་། མཆོད་བཤམས། སྒོ་དར་འཛུགས་པ། གསུར་བསྲེགས་པ།ཐོབ་རྒྱན་ཕྱེ་ཐུག་འཐུང་རྒྱུ་སོགས་འཁྲབ་སྟོན་བྱེད་པའི་རྣམ་པ།

བོད་ཟླ་དང་པོའི་ཚེས་གསུམ་ཉིན་རི་བསང་དང་རྟ་རྒྱུག། རྟ་བཤད། གླུ་ལེན་པ། བྲོ་འཁྲབ་པ་སོགས་འཁྲབ་སྟོན་བྱས་པའི་རྣམ་པ།

བོད་ཟླ་དང་པོའི་ཚེས་གཅིག་ཉིན་ཚེས་ཆུ་ལེན་པ་དང་ཚེས་གོར་བཅའ་བ་སོགས་འཁྲབ་སྟོན་བྱེད་པའི་རྣམ་པ།

བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་དགུ་ཐུག་འཐུང་བའི་འཁྲབ་སྟོན་སོགས་ཀྱི་རྣམ་པ།

བོད་ཟླ་དང་པོའི་ཚེས་གཉིས་ཉིན་མགྲོན་འབོད་དང་མགྲོན་སྐྱེལ་སོགས་ལ་མགྲོན་ཚུར་ཡོང་མཁན་དང་མགྲོན་ཕར་སྐྱེལ་དུས་ཡང་ལག་སྟོང་འགྲོ་འོང་བྱེད་མི་རུང་བས། ལག་མི་སྟོང་བའི་མཚོན་བྱེད་ལེགས་སྐྱེས་སུ་ཕུལ་བའི་ལུགས་སྲོལ་ཡོད་པ་སོགས་འཁྲབ་སྟོན་བྱེད་བཞིན་པ།

སློབ་མ་འཁྲབ་སྟོན་པ་ཚོར་ཕུལ་བྱུང་འཁྲབ་སྟོན་པའི་བྱ་དགའ་སྟེར་ནས་སྐུལ་སློང་བྱས།

སྤྱི་ཟླ5པའི་ཚེས20ཉིན་ལ། དར་མདོ་གྲོང་ཁྱེར་ལྷ་སྒང་སློབ་ཆུང་བོད་སྐད་ཡིག་སྡེ་ཁག་གིས་གཙོ་སྒྲུབ་བྱས་ནས་མེས་པོ་དམ་པའི་སྲོལ་རྒྱུན་ནི་ཕྱི་རབས་པ་ཡི་སྙིང་ནོར་ཡིན་ཞེས་པའི་བྱེད་སྒོ་སྤེལ།

ལོ་སར་ནི་མི་རིགས་རིག་གནས་ཀྱི་སྒང་ནས་བལྟས་ན་གལ་འགངས་ཆེ་བའི་སྲོལ་རྒྱུན་རིག་གནས་ཤིག་ཏུ་གྲུབ་འདུག་སྟེ། དེ་བཟའ་རྒྱུ་ཞིམ་པོ་ཟ་བ་དང་། རྒྱན་ཆ་འདོགས་པ་དང་གོན་པ་གསར་པ་གོན་པ་ཁོ་ན་ཙམ་མིན་པར། མི་རིགས་རང་རང་སོ་སོའི་སྲོལ་རྒྱུན་རིག་གནས་ལ་མྱོང་རོལ་གྱི་བྱེད་སྒོ་དམིགས་བསལ་བ་ཞིག་རེད་ཅེས་བཤད་ཆོག་གོ།། ༼ ཀླུ་རྒྱལ་ཀུན་ཕན།།༽