国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བདེ་འཇགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞི་མཐུན་ས་མཚམས་མཉམ་དུ་བསྐྲུན།

རང་ཁུལ་གྱིས་ས་མཚམས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བྱས།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ས་ཁོངས་སྐྱོང་བར་སྔོན་ལ་ས་མཚམས་སྐྱོང་བ་དང་བདེ་འཇགས་ཡོང་བར་སྔོན་ལ་ས་མཚམས་བདེ་འཇགས་ཡོང་བའི་ལས་ཀའི་བསམ་ཕྱོགས་རྒྱུན་འཁྱོངས་ཤིང་། ས་མཚམས་ས་ཁུལ་ཡུན་རིང་རྒྱུན་མཐུད་དང་བརྟན་བརླིང་ཡོང་བར་སྲུང་བ་ནས་འགོ་བརྩམས་ཏེ། ས་མཚམས་ཀྱི་འགལ་བ་དང་རྩོད་གཞི་མཉམ་འབྲེལ་དང་མཉམ་འགོག། མཉམ་བཅོས་བཅས་ཀྱི་མཉམ་ལས་ལས་ཀའི་ལམ་སྲོལ་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཤིང་། ས་ཁོངས་མཉམ་འགུལ་སྔོན་འགོག་དང་ཕྱོགས་གཉིས་འགུལ་མཉམ་རོགས། བདེ་འཇགས་གསར་སྐྲུན་སོགས་ཀྱི་ལས་ཀར་ཤུགས་ཆེན་པོ་བརྒྱབ་ནས། ཁུལ་ཕྱི་ནང་དང་རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ། ཕྱོགས་གང་ཅིའི་ཐད་ས་མཚམས་འགལ་བ་དང་རྩོད་རྙོག་མཉམ་འབྲེལ་གྱིས་ལེགས་སྒྲིག་དང་མཉམ་ལས་བྱེད་པའི་འགོག་ཟོན་མ་ལག་རགས་ཙམ་བཙུགས་ནས། ས་མཚམས་ས་ཁུལ་གྱི་མང་ཚོགས་བདེ་སྡོད་ལས་བརྩོན་དང་ཞི་མཐུན་བརྟན་བརླིང་ཡིན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་སྐྲུན་གང་ཐུབ་བྱས་ཡོད།

གཅིག་ནི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་འབྲེལ་མཐུད་བྱས་ནས་ཞི་མཐུན་གྱི་ས་མཚམས་མཉམ་དུ་བསྐྲུན་དགོས་པ་དང་། གཉིས་ནི་རྒྱ་ཁྱབ་ཏུ་སྐུལ་སློང་བྱས་ནས་ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོ་མཉམ་དུ་འདྲེས་པར་ཁྲིད་སྟོན་བྱ་དགོས། གསུམ་ནི་སྤྱི་ཡོངས་མཉམ་འགུལ་བྱས་ནས་འགལ་བ་དང་རྩོད་རྙོག་མཉམ་འབྲེལ་དང་མཉམ་འགོག་བྱ་དགོས། བཞི་ནི་འགག་རྩར་དམིགས་ནས་འགག་སྒྲོལ་དཀའ་སེལ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་དགོས་པ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)