༄༅།། སྤྱི་ཟླ5པའི་ཚེས23ཉིན་ལ་རང་ཁུལ་གྱིས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་འགག་སྒྲོལ་བྱ་སྤྱོད་ཀྱི་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། ཉེ་དུས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་དང་ཞིང་ཆེན་བཀོད་གཏོང་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཁུལ་ཡོངས་ཀྱི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། སྤྱི་ཁུལ་གྱི་ལྟ་སྐུལ་མཛུབ་ཁྲིད་གནས་ཚུལ་གྱི་སྙན་སེང་ལ་ཉོན་འཇོག་བྱས་ཤིང་ཕྱིན་ཆད་ལས་ཀར་བཀོད་སྒྲིག་བྱས་པ་རེད།།
༄༅།། ཉེ་ཆར། གསར་འགོད་པས་ཁུལ་སྡོད་ཁང་དང་། གྲོང་ཁྱེར་དང་གྲོང་སྡེ་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་རང་སྐྲུན་སྡོད་ཁང་ཉེན་ཁ་ཡོད་པའི་ཆེད་དོན་ཚགས་བཤེར་བཅོས་སྐྱོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཚགས་བཤེར་གསེད་བཀྲོལ་དང་ཁྱོན་ཡོངས་ནས་བཅོས་སྐྱོང་ཕུགས་ཕན་ལྟ་སྐུལ་དོ་དམ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་སྡེའི་རང་སྐྲུན་སྡོད་ཁང་ཉེན་མེད་བཅོས་སྐྱོང་ལས་ཀར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྡོད་ཁང་ཉེན་མེད་ཀྱི་ཞན་ཆ་གང་མགྱོགས་གསབ་ཅིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་དང་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་བརླིང་ཡོང་བར་འགན་ལེན་ཏན་ཏིག་བྱ་རྒྱུ་རེད།།