国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རོང་བྲག་རྫོང་གིས་འོད་ཤུགས་ཆུ་འདྲེན་ས་ཚུགས་བཙུགས་ནས་ས་རྒོད་ཞིང་སར་བསྒྱུར།

ཆུ་སླེབས་བྱུང་། ཆུ་སླེབས་བྱུང་ཞེས་སྔ་ནས་ཞིང་ནང་དུ་སྒུག་ཡོད་པའི་ཡུལ་མི་ཚོའི་གདོང་ལ་སྤྲོ་བའི་མཛུམ་མདངས་ཕྱུང་། རོང་བྲག་རྫོང་དགུ་རྫོང་གྲོང་རྡལ་འཇམ་རྡོ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབྱང་ཧྥང་ཡུན་གྱིས་ཆུ་སྒོ་དལ་བུར་ཕྱེ་ནས་གཡེར་སྡོང་རེ་རེར་ཆུ་འདྲེན།

རོང་བྲག་རྫོང་དགུ་རྫོང་གྲོང་རྡལ་འཇམ་རྡོ་གྲོང་སྡེའི་རི་རྐེད་དུ་ས་རྒོད་ཞིག་ལུས་ཡོད། མ་གཞི་རི་དེའི་འདབས་སུ་ཆུ་ཡོད་ཀྱང་རི་མཐོ་གྲོག་རོང་དུ་གནས་ཡོད་པས་གནས་དེར་ཆུ་འདྲེན་ཐབས་བྲལ་བས་སྐྱེ་དངོས་འདེབས་མཁན་ཡང་ཧ་ལམ་མེད། ས་གནས་དེ་གའི་མང་ཚོགས་ཀྱིས་ས་རྒོད་དེར་མེ་གནས་ཞེས་མིང་བཏགས་ཡོད་ཅིང་། དེ་ནི་ཆུ་དཀོན་པའི་ཞིང་ལ་ཟེར་བས་རེད། ཞིང་སར་ཆུ་དཀོན་པ་དང་རྨོ་ཞིང་བསྐྱུར་བའི་གནད་དོན་ལ་དམིགས་ནས། ན་ལོའི་སྤྱི་ཟླ10པར་འཇམ་རྡོ་གྲོང་སྡེའི་འོད་ཤུགས་ཆུ་འདྲེན་ས་ཚུགས་ཀྱི་ལས་གྲྭ་སྐྲུན་འགོ་བཙུགས་ནས་འདི་ལོའི་སྤྱི་ཟླ4པའི་ཚེས29ཉིན་ཡོངས་སུ་གྲུབ་ནས་སྤྱོད་འགོ་ཚུགས་ཡོད།

གསར་འགོད་པ་འཇམ་རྡོ་གྲོང་སྡེར་སོང་དུས། ནམ་རྒྱུན་ཡུལ་མི་ཚོས་མེ་གནས་ཞེས་པའི་ས་རྒོད་དུ་འོད་ཤུགས་གློག་གཏོང་པང་ལེབ་ཀྱིས་ཁེངས་པ་མཐོང་། དབྱང་ཧྥང་ཡུན་གྱིས་གསར་འགོད་པར་འོད་ཤུགས་ཆུ་འདྲེན་ས་ཚུགས་བཙུགས་པ་དེས་རི་འདབས་ཀྱི་ཆུ་རི་རྐེད་ཀྱི་ས་རྒོད་དུ་འཐེན་པ་དང་།རི་འགོའི་ས་རྒོད་དུ་ལུས་པའི་སྐྱེ་དངོས་ཚང་མར་ཆུ་རག་ཡོད་ཅེས་བཤད། ་

སྐབས་དེར། ཡུལ་མི་ཚོས་ཞིང་ནང་དུ་ས་དོང་འདྲུ་བ་དང་།ཆུ་རྒྱག་པ། མྱུ་གུ་འཛུགས་པ་སོགས་ལ་བྲེལ་བཞིན་མཆིས། ཡུལ་མི་ཚོས་གསར་འགོད་པར་ད་ཆ་ང་ཚོས་གཡེར་མ་འདེབས་བཞིན་ཡོད། སྤྱི་ཟླ10པར་ད་དུང་སྤུས་བཟང་ཀུ་ཤུ་གདབ་རྩིས་ཡོད་ཅེས་བཤད།

དབྱང་ཧྥང་ཡུན་གྱིས་དེ་གའི་མུའུ200ཡི་འདེབས་འཛུགས་རྟེན་གཞིར་ཚོད་དཔག་བྱས་ན་ལོ་གསུམ་ནང་ཕན་འབྲས་རགས་ཙམ་ཐོན་རྒྱུ་རེད།མུའུ་རེའི་ནང་མིའི་དཀའ་ལས་བརྒྱབ་པའི་འགྲོ་སོང་ཕུད་རྗེས་སྒོར2000ལྷག་དང་། ལོ་གཅིག་ནང་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི30ནས40བར་ཡོང་རྒྱུ་རེད། ད་ཆ་ཡུལ་མི་ཚོས་ཕྱིན་ཆད་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ལ། ཡོང་འབབ་ཀྱང་ཉིན་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། འོད་ཤུགས་ཆུ་འདྲེན་ས་ཚུགས་སྤྱོད་འགོ་ཚུགས་པ་དེས་འཇམ་རྡོ་གྲོང་སྡེར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད། ཕྱིན་ཆད་གྲོང་སྡེ་དེས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གཅིག་གྱུར་ཐོག་འཁོར་སྐྱོད་བྱེད་པའི་བྱེད་ཐབས་ཐོག་ནས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་འཁོར་སྐྱོད་བྱས་ཏེ་གཡེར་མ་དང་ཀུ་ཤུ་གདབ་རྒྱུ་ཡིན་པ་རེད།།

( ཀུན་དགས་བསྒྱུར།)