དབྱར་གསུམ་དུས་སུ་ཞིང་ལས་ཞིང་ཆེན་ཆེ་གྲས་ཨན་ཧུའེ་ཞིང་ཆེན་གྱི་ས་གནས་ཁག་གི་གྲོ་བརྔ་བསྡུ་བྱེད་པའི་དུས་སུ་སླེབས་ཡོད། ཧོ་ཧྥེ་གྲོང་ཁྱེར་ཧྲུའུ་ཧྲན་ཆུས་ཞའོ་མིའོ་གྲོང་རྡལ་དུ་ཞིང་པས་གནམ་གཤིས་ཡག་པོ་དང་བསྟུན་ནས་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་བཏང་ནས་གྲོ་བརྔ་བསྡུ་བྱེད་བཞིན་ཡོད། ཞིང་ནང་དུ་ལོ་ཏོག་བསྡུ་བའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་ཞིང་པའི་བཞིན་རས་སུ་རེ་བའི་འཛུམ་མདངས་འཆར།
པར་འདི་ནི་སྤྱི་ཟླ5པའི་ཚེས25ཉིན་ཧོ་ཧྥེ་གྲོང་ཁྱེར་ཧྲུའུ་ཧྲན་ཆུས་ཞའོ་མིའོ་གྲོང་རྡལ་ཏོན་ཁྲུང་གྲོང་སྡེར་ཞིང་འཕྲུལ་ཁ་ལོ་བས་བརྔ་བསྡུ་འཕྲུལ་འཁོར་བཏང་ནས་གྲོ་བརྔ་བསྡུ་བྱེད་བཞིན་པའི་ཚུལ་རེད།