ངག་མི་ཁྲོལ་བའི་བྱེའུ་དེས།
རང་ཉིད་གཟེབ་ཏུ་བཅུག་པར་སྒུག་ཡོད་འདུག།
ང་རང་གཉིད་ལས་སད་དུས།
ཚོད་ཚོད་ལ་རང་ངོ་མི་ཟིན་པའི་སྙན་ངག་དེའི།
དྲི་མ་དེར་སྣོམ་ཙམ་བྱས་ཀྱང་།
སེམས་སུ་འདི་འོ་སྙམ་པ་ཅི་ཡང་མ་བྱུང་།
ངས། བྱེའུ་དེ་རྨི་ལམ་ལས་མཐོང་བ་ཡིན་ནམ་སྙམ།
ཅི་ཡིན་མི་ཤེས་ཏེ།
གང་ལྟར་ངས་མིག་བཙུམས་ཐེངས་རེར།
བྱེའུ་དེའི་ཡ་ང་བའི་མིག་ཟུང་
མཐོང་ཡོང་གིན་འདུག།
༼ ཐོར་བུ། ༽