国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོ་སྐྱ་གད་ལུང་པའི་དབྱར་ཁའི་མཛེས་ལྗོངས།

རྒྱུ་ལའི་ནུབ་རྒྱུད་ནས་སྤྱི་ལེ40ཙམ་སོང་ན་སྐྱ་གད་ལ་སླེབས། སྐྱ་གད་གྲོང་རྡལ་ནི་མཚོ་འཕགས་སྨི3200ཡོད་པའི་གླིང་ཆུའི་གཡོན་ངོགས་སུ་གནས་ཡོད། ཡུལ་གྲུ་འདིར་མི་ཉག་རིག་གནས་ཕུན་སུམ་ཚོགས་པོ་དང་མི་ཉག་ཡུལ་སྲོལ་གོམས་འདྲིས་ཀྱི་དཔེ་རིས་མཚོན་ཞིང་། མཐོ་སྒང་གི་ཐང་གཞོང་དང་སྤང་ལྗོངས་ཀྱི་མཛེས་ཉམས། ཞག་ཧ་བརྒྱུད་ནས་སོང་ན་སི་ཁྲོན་ཀྱི་རི་བོའི་རྒྱལ་པོ་ཞེས་མཚན་སྙན་ཡོད་པའི་གངས་དཀར་གྱི་བརྗིད་ཉམས་རང་གི་མིག་ལམ་དུ་དྲངས་ཆོག་ཆོག་ཡིན་པ་རེད།

ཆར་ལྡན་དུས་སུ་སླེབས་པའི་དུས་ཚིགས་སུ་རྩྭ་དང་རྩི་ཤིང་གི་ལོ་འདབས་རྒྱས་ནས་ཡུལ་གྲུ་ཀུན་ཏུ་སྔོན་པོ་གཡུ་ཡི་གོས་བཟང་བཀླུབས། མེ་ཏོག་སྣ་ཚོགས་ཕན་ཚུན་མཛེས་ཉམས་འགྲན་པ་བཞིན་རབ་ཏུ་བཞད་ལ། ཕྱེ་མ་ལེབ་དང་རྐང་དྲུག་བུང་བས་དགའ་བའི་གླུ་ལེན་ཞིང་འཕུར་ལྡིང་གར་ལ་རོལ་བ་སོགས་སྐྱེ་དངོས་ཐམས་ཅད་ལ་ཚེ་སྲོག་གི་འཚོ་བཅུད་གསར་པ་ཞིག་ཐོབ་པ་ནང་བཞིན་གསོན་ཉམས་འཕེལ་འགོ་ཚུགས།

དབྱར་སྟོད་དུ་འོ་སེར་མེ་ཏོག་རྣམ་པ་བཀྲ་ནས་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པའི་རང་བྱུང་གི་ལེགས་སྐྱེས་ངོ་མཚར་ཅན་ཞིག་ཡིན་ལ། ལྷག་པར་དུ་མེ་ཏོག་སྣ་བརྒྱ་བཞད་པའི་སྐྱ་གད་ཡུལ་གྲུ་ནི་དེ་བས་ཀྱང་ཡིད་དབང་འཕྲོག་པ་ཞིག་ཡིན་ནོ།།

(ཡེ་ཤེས་ཀྱིས་འཚོལ་སྡུད་བྱས་ནས་བསྒྱུར། )