རང་ཁུལ་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱ་རྒྱུ་དེ་ད་ཆར་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ཤིང་། རྫོང(གྲོང་ཁྱེར)ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱེད་པའི་ཚ་རླབས་་མགྱོགས་པོར་འཕྱུར་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་དེ་འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྒུལ་ཤུགས་ཆེན་པོ་དང་དོན་དངོས་སྒྲུབ་པའི་བྱ་སྤྱོད་དུ་ཏན་ཏིག་བསྒྱུར་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་དེ་རང་ཁུལ་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་ཐོན་པར་སྐུལ་འདེད་བཏང་བ་རེད།
ཉག་ཆུ་རྫོང་།
ཉེ་ཆར། ཀྲུང་གུང་ཉག་ཆུ་རྫོང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས(རྒྱས་འཛོམས་)གྲོས་ཚོགས་ཐེངས15པ་འཚོགས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ཉག་ཆུ་རྫོང་གི་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་ཀར་ཞིབ་འཇུག་བྱས་པ་རེད།
དཔལ་ཡུལ་རྫོང་།
ཉེ་ཆར། དཔལ་ཡུལ་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་འཚོགས་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ཆབས་ཅིག། དཔལ་ཡུལ་རྫོང་གི་ལག་བསྟར་དོན་འཁྱོལ་བྱེད་སྟངས་ཀྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།
ལྕགས་ཟམ་རྫོང་།
ཉེ་ཆར། ལྕགས་ཟམ་རྫོང་གིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་པོ་འཕྱུར་བ་རེད།
སྤྱི་ཟླ6པའི་ཚེས1ཉིན། བུ་མ་པ་གྲོང་རྡལ་ཏང་ཨུ་དང་ཏེ་ཝེ་གྲོང་རྡལ་ཏང་ཨུས་རྒྱས་འཛོམས་གྲོས་ཚོགས་འཚོགས་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་སྙན་སྒྲོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་སྙིང་དོན་གྱི་ངོ་བོ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས། ཏང་ཡོན་ལས་བྱེད་པས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་མིག་དཔེ་ཡག་པོ་ཞིག་བྱས་ཏེ། གྲོང་རྡལ་ཡོངས་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་མགྱོགས་པོར་འཕྱུར་རྒྱུར་ཁྲིད་སྟོན་བྱ་དགོས་ཞེས་ནན་བཤད་བྱས་པ་རེད།།
( ལེ་ཚན་འདི་བདེ་སྐྱིད་ཀྱིས་བསྒྱུར།)
