国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་གཞུང་དུ་གྲོང་ཁྱེར་སོ་སོའི་གླིང་ག་རུ་མེ་ཏོག་པད་མའི་འཛུམ་མདངས་མཛེས།

དག་ཡིག་གསར་བསྒྲིགས་ནང་གསེད་འགྲེལ་བྱས་པ་ལྟར་ན།༡ པདྨ་ནི་ལོ་མང་སྐྱེ་བའི་རྩྭ་ལྡུམ་གྱི་རིགས་ཤིག་ཡིན་ཞིང་མཚེའུ་གཏིང་མི་རིང་བའི་ནང་དུ་སྐྱེ། ལོ་མ་ཆེ་ཞིང་ཟླུམ་ལ། མེ་ཏོག་དམར་སྐྱ་དང་དཀར་བོའི་རིགས་གཉིས་ཡོད། འབྲས་བུ་དང་རྩ་བ་བཟའ་རུང་ཞིང་། རྩ་བ་ནི་ལུས་ཟུངས་གསོ་བའི་སྨན་ཞིག་ཡིན། ཡོངས་གྲགས་ལ་ཆུ་པད་མ་ཟེར། སྙན་ངག་དང་མངོན་བརྗོད་སོགས་སུ་ཆུ་སྐྱེས་སོགས་མིང་གི་རྣམ་གྲངས་མང་། ༢ ཤིང་ཕྲན་གྱི་རིགས་ཤིག་ལ་མེ་ཏོག་དཀར་དམར་ཅི་རིགས་བཞད་པ་དེ་ལ་ཡང་པད་མ་ཟེར་ཞིང་ཡོངས་གྲགས་ལ་ཤིང་པད་མ་ཟེར། ༣ ལོ་མང་སྐྱེ་བའི་རྩྭ་ལྡུམ་གྱི་རིགས་ཤིག་ལ་མེ་ཏོག་དཀར་དམར་ཅི་རིགས་བཞད་པ་རི་སྐྱེ་དང་ལྡུམ་རར་བཏབ་པའང་ཡོད་པ་དེ་ལའང་པད་མ་ཟེར་ཞིང་ཡོངས་གྲགས་ལ་རྩྭ་པད་མ་ཟེར། ( པད་མ་རཱ་ག ) མདོག་དམར་བོ་ཡིན་པའི་རིན་པོ་ཆེའི་རིགས་ཤིག་གི་མིང་ཡང་ཡིན་པ་རེད།།