国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་ཐེངས་དང་པོར་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་འབྲེལ་གཏུག་དུད་ཚང་དུ་ལྟ་སར་ཕེབས་སྐབས།

མི་རིགས་མཐུན་སྒྲིལ་ལས་དོན་ལ་དངོས་ཡོད་ཕན་ནུས་ཡོད་པ་བྱས་ནས་སྤྱི་ཚོགས་ཡོངས་སུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་དགོས་ཞེས་གསུངས།

ཉེ་ཆར།ཁུལ་ཡོངས་ཀྱིས“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་སྤེལ་འགོ་ཚུགས་ནས་ཡུན་རིང་མ་སོང་བའི་སྔོན་དུ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཉག་ཆུ་རྫོང་གི་ཞིང་སྡེ་དང་གྲོང་ཁུལ།འབྲོག་ཁུལ་གྱི་འབྲེལ་གཏུག་བྱེད་སའི་དུད་ཚང་དུ་ཕེབས་ཏེ་ཚང་མ་དང་ཁ་བརྡ་ལབ་རེས་གནང་བ་རེད། ཁོང་གིས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་སྤེལ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་བྱེད་ཐབས་གལ་ཆེན་ལག་བསྟར་གཏང་ཟབ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་བ་དང་མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱ་རྒྱུའི་འདེགས་སྐྱོར་གལ་ཆེན་རེད། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ནུས་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་ཁྱིམ་ཚང་གི་བརྩེ་སེམས་དང་ཁྱིམ་ཚང་གི་སྤྱོད་བཟང་།ཐུན་མོང་ཕྱུག་འགྱུར་བཅས་གསུམ་འདྲེས་བྱ་རྒྱུའི་གཙོ་གནད་ནང་དོན་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རྒྱལ་གཅེས་ཁྱིམ་གཅེས་དང་ཕན་ཚུན་དགའ་ཞེན།ཡར་ཐོན་དགེ་སྒྲུབ།མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཡ་རབས་ཀྱི་དར་སྲོལ་གསར་པ་ཆགས་པར་བྱས་ནས་མཛེས་སྡུག་ལྡན་པའི་ཁམས་པའི་ས་གཞི་ཆེན་པོ་འདི་སྤྲོ་སྐྱིད་ལྡན་ཞིང་།མཉམ་གནས་དང་འཆམ་མཐུན་གྱི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་འགྱུར་བ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

( པར་ངོས་གཉིས་པར་གཟིགས།)