国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་གཉིས་སྐྱུང་སྲིད་ཇུས་ དོན་འཁྱོལ་བྱས།

རང་ཁུལ་གྱིས2022ལོའི་དབྱར་གསེང་རིང་གི་སློབ་ཕྱིའི་གསོ་སྦྱོང་བཅོས་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རྒྱལ་ཁབ་སློབ་གསོ་པུའུ་དང་ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། བྱ་ཐབས་སྣ་ཚོགས་སྤྱད་དེ་སློབ་མའི་གུང་གསེང་གི་ཁུར་པོ་ཡང་དུ་བཏང་སྟེ། རྒྱ་ཆེ་བའི་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཉེན་མེད་དང་དགའ་སྤྲོ། དོན་སྙིང་ལྡན་པའི་གུང་གསེང་ཞིག་གཏོང་ཐུབ་པ་འགན་ལེན་བྱས་ཤིང་། གཅིག་ནི་དྲིལ་བསྒྲགས་ཀྱི་དྲང་ཕྱོགས་ཁྲིད་སྟོན་ལ་ཤུགས་བསྣན་དགོས་པ་དང་། གཉིས་ནི་མཉམ་འགུལ་མཉམ་ལས་ལ་ཤུགས་བརྒྱག་དགོས། གསུམ་ནི་སྣེ་མང་གིས་ཁྱད་ཆོས་ལྡན་པའི་ཞབས་ཞུ་ཚབ་གཉེར་བྱ་དགོས་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)