国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མི་རིགས་མཐུན་སྒྲིལ་ལས་དོན་ལ་དངོས་ཡོད་ཕན་ནུས་ཡོད་པ་བྱས་ནས་སྤྱི་ཚོགས་ཡོངས་སུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་དགོས་ཞེས་གསུངས།

( པར་ངོས་དང་པོར་མཐུད།)

ཧྲེན་དབྱང་སྔོན་རྗེས་སུ་ཉག་ཆུ་རྫོང་ཆུ་ཁ་གྲོང་རྡལ་ཟམ་པ་གསུམ་པའི་ཡུལ་མི་ཝུའུ་ཡུང་ཁང་དང་གྲོང་འདབས་གྲོང་སྡེའི་ཡུལ་མི་ཝུའུ་ཁྲང་མིང་།ཧོང་ལུང་གྲོང་རྡལ་གྱི་གཙང་ཤུལ་དགོན་གྱི་གྲྭ་པ་འཕགས་རྣམ་ཚང་གི་ཁྱིམ་དུ་ཕེབས་ནས་ཚང་མ་དང་མཉམ་དུ་བསྡད་དེ་ཕན་ཚུན་འཚམས་འདྲི་དང་སྐད་འཕྲིན་སྣོན་བྱས་པ་རེད། “རྗེས་སུ་ང་ཡང་ཁྱེད་ཚོའི་ཁྱིམ་ཚང་འདིའི་ཁོངས་མི་ཞིག་ཡིན།ཁྱེད་ཚོར་བྱ་བ་གང་ཡོད་ན་ང་ལ་ཟེར་རྒྱུ་མ་བརྗེད།ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཇུས་ཡག་པོ་དང་སྙིང་སྟོབས་གསར་པ་ཅི་ཡོད་ན་ངས་ཀྱང་དུས་ཐོག་ཏུ་ཁྱེད་ཚོར་བརྒྱུད་སྐུར་བྱ་རྒྱུ་ཡིན”ཞེས་གསུངས་པ་རེད། ཁ་བརྡ་ལབ་རེས་བྱེད་སྐབས་ཧྲེན་དབྱང་གིས་ཝུའུ་ཡུང་ཁང་དང་ཝུའུ་ཁྲང་མིང་ལ་ལས་བརྩོན་ཕྱུག་སྒྱུར་བྱས་ནས་འཚོ་བ་སྐྱིད་པོ་རོལ་ཐུབ་པར་སྙིང་ཐག་པ་ནས་དགའ་སྤྲོ་བྱེད་པའི་དུས་མཚུངས་སུ། ཁོ་ཚོར་འབད་བརྩོན་ལྷོད་མེད་བྱས་ནས་མུ་མཐུད་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་རྒྱུའི་སྐུལ་མ་བཏང་བ་རེད། འཕགས་ནོར་གྱིས་རྒྱལ་གཅེས་ཆོས་གཅེས་དང་བྱམས་བརྩེའི་གཞན་ཕན་བསྒྲུབས་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་བར་བསྔགས་བརྗོད་བྱས་པ་དང་ཆབས་ཅིག།འཕགས་རྣམ་ལ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་དྲིན་གཟོ་དྲན།ཏང་གི་བཀའ་ལ་ཉན།ཏང་གི་རྗེས་སུ་འབྲངས་པ་བྱས་ཏེ་ཏང་གི་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་དང་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཧྲེན་དབྱང་གིས་ཁྱིམ་ཚང་ནི་ཆེས་ཆུང་ཤོས་ཀྱི་རྒྱལ་ཁབ་དང་རྒྱལ་ཁབ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་ཡིན་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁྱིམ་ཚང་གི་ཡ་རབས་ལེགས་སྐྱོང་བྱེད་པར་མཐོང་ཆེན་བླ་ན་མེད་པ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་སྤྱི་ཚོགས་ཡོངས་ཀྱིས་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱ་དགོས་པའི་མཛུབ་སྟོན་གལ་ཆེན་གནང་ནས།ཚང་མས་ཁྱིམ་སྲོལ་བཟང་པོ་དར་སྤེལ་དང“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁྱིམ་ཚང”འཛུགས་སྐྱོང་ཧུར་ཐག་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁྱིམ་སྲོལ་བཟང་པོས་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་བཟང་པོ་འདེགས་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧྲེན་དབྱང་གིས་ས་གནས་ཏང་ཨུ་དང་སྲིད་གཞུང་།འབྲེལ་ཡོད་སྡེ་ཚན་ལ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་ལག་ལེན་བྱ་སྤྱོད་ནང་ཞུགས་རྒྱུ་དེ་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བའི་རྒྱུགས་ར་ཆེན་པོ་དང་།ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་གར་སྟེགས་ཆེན་པོ།མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་སྦྲེལ་ཟམ་ཆེན་པོར་བརྩིས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ་གཙོ་རྐང་དུ་བྱས་ནས་མངོན་ཡོད་ནུས་པར་དམིགས་པ་དང་།སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་པ།མི་རིགས་སོ་སོའི་མང་ཚོགས་དང་ཁྱིམ་ཚང་ཚང་མར་དཀའ་སྤྱད་འབད་བརྩོན་དང་དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་ཁྲིད་སྟོན་བྱེད་པ།དྲིན་གཟོ་ཡར་བརྩོན་དང་ལས་གཅེས་ལས་བརྩོན་གྱི་འདུ་ཤེས་སྐྱེད་སྲིང་བྱེད་པ།རང་སྟོབས་རང་སྤེལ་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ།ཡུལ་གྲོང་དར་རྒྱས་གཏོང་བའི་ཁྱོན་ཡོངས་ནང་ཧུར་ཐག་ཞུགས་པ།ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་སྐྱོད་པ་བཅས་བྱ་དགོས་ཞེས་མངག་བཅོལ་གནང་བ་རེད།

ཁ་བརྡ་ལབ་རེས་བྱེད་སྐབས་ཝུའུ་ཡུང་ཁང་དང་ཝུའུ་ཀྲང་ཀྲེ།འཕགས་རྣམ་བཅས་ཀྱིས་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་རྒྱུའི་ལག་ལེན་བྱ་སྤྱོད་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། ཚང་མས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབོད་སྐུལ་དང་ལེན་མཐའ་གཅིག་ཏུ་བྱས་ཏེ། མ་སྐུལ་དང་བླངས་ཀྱིས་བདག་པོའི་འགན་འཁྲི་ཁུར་ནས་རང་ཉིད་ཀྱི་ཁྱིམ་ཚང་ཆུང་ངུ་གཉེར་སྐྱོང་ཡག་པོ་བྱས་ཐོག་རྒྱལ་གཅེས་ཁྱིམ་གཅེས་ཀྱི་ཁྱིམ་ཚང་གི་བརྩེ་སེམས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་།མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁྱིམ་ཚང་བརྩོན་ལེན་བཅས་བྱས་ཏེ་མཐུན་སྒྲིལ་དང་།འབྱོར་ཕྱུག།མཐུན་སྒྲིལ།འཆམ་མཐུན།མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་པར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་རྒྱུ་ཡིན་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཁུལ་ཡོངས་ཀྱིས“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་སྤེལ་འགོ་བཙུགས་རྗེས།ཁུལ་ཨུ་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧྥུང་ཧྥ་ཀུའེ།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་སོགས་ཁུལ་གྱི་མགོ་ཁྲིད་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆ་སྒྲིག་དུད་ཚང་དུ་སྐྱོད་པ་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།། ( ཨ་མགོན་གྱིས་བསྒྱུར། )