ཉེ་བའི་ལོ་ཤས་རིང་།དཔལ་ཡུལ་རྫོང་གིས་ཚན་རྩལ་གྱིས་ཁྲིད་སྟོན་བྱེད་པ་དང་དཔེ་སྟོན་གྱིས་སྐུལ་ཁྲིད་བྱེད་པ་བརྒྱུད་ནས་ཉི་འོད་དང་དྲོད་ཚད།མཚོ་འཕགས་སོགས་ཁྱད་དུ་འཕགས་པའི་ཁོར་ཡུག་ཐོན་ཁུངས་ལ་བརྟེན་ནས་ཕན་འབྲས་ཆེ་བའི་རྒྱ་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྩྭ་འདེབས་འཛུགས་རྟེན་གཞི་བཙུགས་ཏེ་རྒྱ་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་ལས་དར་རྒྱས་གཏང་རྒྱུར་བསྐུལ་བར་བརྟེན།དབུལ་ཐར་གྱི་ཕན་འབྲས་སྲ་བརྟན་དུ་བཏང་ནས་ཡུལ་སྡེ་དར་རྒྱས་གཏང་རྒྱུར་བསྐུལ་ཏེ་མང་ཚོགས་ཕྱུག་པོ་ཆགས་པར་སྣེ་ཁྲིད་བྱས་པ་རེད།
རྟེན་གཞི་འཛུགས་སྐྱོང་བྱས་ནས་གཞི་ཁྱོན་རྒྱ་སྐྱེད་བཏང་བ་དང་། ཆེད་སྤྱོད་མ་དངུལ་དོན་འཁྱོལ་བྱས་ནས་རྟེན་གཞི་འཛུགས་པ་ལུགས་མཐུན་ཚད་ལྡན་བྱས་མཐར།ཐོན་རྫས་སྣ་གཅིག་གི་སྨན་རྩྭ་ལྟེ་གནས་ཐོན་ཁུལ་འཚོལ་ཞིབ་བྱས་ནས་རྒྱ་བོད་ལུགས་སྨན་རྩྭ་འདེབས་འཛུགས་གཞི་ཁྱོན་ཅན་དང་ཐོན་ལས་ཅན།ཕན་འབྲས་ཅན་དུ་མངོན་འགྱུར་ཡོང་བར་འགན་ལེན་བྱས་པ་རེད།ད་སྔའི་བར།རིམ་རྩིས་བྱས་ན་སྒོར་ཁྲི850བཏང་ནས་ཚད་ལྡན་གྱི་འདེབས་འཛུགས་གླིང་ཁུལ་དང་སོན་རྒྱུའི་ཐོན་ཁུངས་ལྡུམ་ར།སོན་མྱུག་གསོ་སྤེལ།ཚན་རིག་ཞིབ་འཇུག་རྟེན་གཞི4བཙུགས་ཡོད།
ལག་རྩལ་ནང་འདྲེན་བྱས་ནས་ཚད་ལྡན་ཡོང་བར་སྐུལ་སྤེལ་བྱས། ཁྱད་ཆོས་སྨན་བཅོས་དང་བདེ་ཐང་གསོ་གསུམ་གཞི་གཅིག་ཅན་གྱི་ནད་གཞི་བཅོས་པའི་འཕྲོད་སྦྱོར་ལྟེ་གནས་བཙུགས་པས་མ་ཚད།ཆེད་ལས་ལག་རྩལ་གྱི་ནུས་པ་ནང་འདྲེན་བྱས་ནས་ར་བའི་ནང་སྨན་རྫས་ལས་སྣོན་དང་དེ་བཞིན་བོད་སྨན་འགྱུར་སྐྱེ་གཞི་ཁྱོན་ཅན་ཐོན་སྐྱེད་བྱེད་མགྱོགས་སུ་བཏང་བ་རེད། ད་སྔའི་བར་ནད་རིགས་སྔོན་འགོག་ལྟེ་གནས1བཙུགས་པ་དང་ནང་གི་སྨན་རྫས་ལས་སྣོན་ཐོན་ཚད་རིགས121བྱུང་ནས་གཞི་ཁྱོན་ཅན་གྱི་བོད་སྨན་འགྱུར་སྐྱེ་རིགས4ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད།
ཡོང་འབབ་འཕར་བར་བསྐུལ་ནས་དམངས་འཚོར་འགན་ལེན་བྱས། ཁེ་ལས་དང་རྟེན་གཞི།སློབ་གླིང་།འདེབས་འཛུགས་མཉམ་ལས་མཐུན་ཚོགས།ཞིང་དུད་བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་ལ་གཞིགས་ནས་རྟེན་གཞིའི་དཔེ་སྟོན་ནུས་པ་བཏོན་ཏེ་ས་ཞིང་འཁོར་རྒྱུག་དང་།རང་ཚུགས་འཁོར་སྐྱོད།གནས་སྐབས་བཀོལ་སྤྱོད་བཅས་ཀྱི་བྱེད་ཐབས་སྤྱད་དེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ཡོད། ད་སྔའི་བར་ངལ་རྩོལ་མི་ལག་གི་འགྲོ་གྲོན་སྒོར་ཁྲི200ལ་ཟིན་པ་དང་།ས་ཞིང་འཁོར་རྒྱུག་གི་འགྲོ་གྲོན་སྒོར་ཁྲི150ལ་ཟིན་ཞིང་།མི་རེར་ཆ་སྙོམས་འབབ་འཕར་སྒོར3000ལྷག་ཙམ་ལ་ཟིན་པ་རེད།།
( ཨ་མགོན་གྱིས་བསྒྱུར།)
