སྡེ་དགེར་ནོར་གནག་རྐུ་དོན་ཞིག་རྩད་ཆོད་ནས་རྐུ་ཟོག་བདག་པོར་སྤྲད། ཉེ་ཆར། སྡེ་དགེ་རྫོང་ཡར་དེང་ཡུལ་ཤོག་མངག་གཏོང་ཁང་གིས་ནོར་གནག6བརྐུས་པའི་གྱོད་དོན་ཞིག་རྩད་ཆོད་ནས་རྐུ་ཟོག་ཕྱིར་བདག་པོར་སྤྲད་པས། ས་གནས་དེ་གའི་འབྲོག་པ་ཚོས་མི་དམངས་ཉེན་རྟོག་པ་ལ་ཁ་བཏགས་བརྒྱ་འབུལ་བྱས་ནས་བཀའ་དྲིན་མཚོན་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་དགེ་ཨ་ཕྱུག་གྲོང་རྡལ་ཡར་དེང་ཡུལ་ཤོག་གི་འབྲོག་པ་སྐལ་ཆེ་གེ་མོ་རྟ་རྒྱུག་འགྲན་སྡུར་ཞིག་ལ་ཞུགས་ནས་ཕྱི་ཉིན་ཕྱིར་ལོག་དུས་གཡག6རྐུ་མས་བརྐུས་སོང་བ་རེད། དེ་ནས་ཉེན་རྟོག་པས་མྱུལ་ཞིབ་ཁྲོད་དུ་ལྗིད་འཁོར་ཞིག་ལ་དོགས་པ་ཆེན་པོ་ཡོད་པ་ཤེས་ནས་རྗེས་དེད་བྱས་ཏེ་སྤྱི་ཟླ6པའི་ཚེས28ཉིན་ལ་འཁོར་ལོ་མདོའི་ཁོངས་སུ་དོགས་ཡོད་ཉེས་ཅན3འཇུས་བཟུང་བྱས་ཏེ་འདྲི་རྩད་བརྒྱུད་ཚེས29ཉིན་ལ། ཉེན་རྟོག་པ་ཚོ་ཆུ་ཚོད7རིང་ལ་ལ་དང་ལུང་པ་བརྒལ་ཏེ། མཐར་འཁོར་ལོ་མདོའི་འབྲོག་ར་ཞིག་ཏུ་བརྐུས་སོང་བའི་ནོར་གནག6རྙེད་པ་རེད།
ཚེས29ཉིན་གྱི་ཕྱི་དྲོར། ཉེན་རྟོག་རླངས་འཁོར་གྱིས་སྲུང་སྐྱེལ་འོག་ཏུ་ནོར་གནག6ཨ་ཕྱུག་ཡུལ་ཤོག་ཏུ་ཉེན་མེད་ངང་སླེབས་པ་དང་ས་གནས་དེ་གའི་འབྲོག་པ་བརྒྱ་ལྷག་གིས་དགའ་སྤྲོ་དང་བཀའ་དྲིན་མཚོན་ཕྱིར་ལས་སྒྲུབ་ཉེན་རྟོག་པར་ཁ་བཏགས་ཕུལ་བ་རེད། ད་སྔ་གྱོད་དོན་འདི་ད་དུང་ཞིབ་གཅོད་བྱེད་བཞིན་པའི་སྒང་ཡིན།།
( ཐུབ་ཀྱིས་བསྒྱུར།)
