国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་འགོག་ཟོན་ལས་ཀའི་བཀོད་གཏོང་ཚོགས་འདུའི་ཐོག།

བསམ་བློ་ལྷོད་གཡེང་མི་གཏོང་བ་དང་བྱ་སྤྱོད་སྟོང་པ་མིན་པ། སྒྲིག་ཁྲིམས་ལྷོད་དུ་མི་གཏོང་བ་བཅས་བྱས་ཏེ། རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ལས་ཆོད་ཆེན་པོས་སྤྱི་འདོམས་ཡག་པོ་བྱ་དགོས་ཞེས་གསུངས།

སྤྱི་ཟླ8པའི་ཚེས6ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་མགོ་གཙོ་ཧྥུང་ཧྥ་ཀུའེ་ཡིས་གཙོ་སྐྱོང་གནང་ནས་ཁུལ་ཡོངས་ཀྱི་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་འགོག་ཟོན་ལས་ཀའི་བཀོད་གཏོང་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱེད་ཅིང་། ཕྱིན་ཆད་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་གཅིག་ནི་བསམ་བློ་ལྷོད་གཡེང་མི་གཏོང་བ་བྱ་དགོས་པ་དང་། གཉིས་ནི་བྱ་སྤྱོད་སྟོང་པ་མིན་པ་བྱ་དགོས། གསུམ་ནི་སྒྲིག་ཁྲིམས་ལྷོད་དུ་མི་གཏོང་བ་བྱ་དགོས། བཞི་ནི་རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ལས་ཆོད་ཆེན་པོས་སྤྱི་འདོམས་ཡག་པོ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)