国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྣོད་བཅུད་སྲུང་ བའི་གླུ།།

ལྷོ་འཛམ་གླིང་ཡང་རྩེ་གངས་ལྗོངས་ན།།

རི་གངས་རྫ་སྤང་གསུམ་འགྱིང་ཡག་དེ།།

ཁྱེད་ཕ་བཟང་བུ་ཡི་སྙིང་སྟོབས་ཡིན།།

རི་འདི་ཚོ་སྲུངས་དང་རྒྱབ་རི་ཡིན།།

ལྷོ་འཛམ་གླིང་ལྟེ་བ་གངས་ལྗོངས་ན།།

ཆུ་རྨ་འབྲི་རྫ་གསུམ་འཁྱུག་ཡག་དེ།།

ཁྱེད་མ་བཟང་བུ་མོའི་གཤིས་རྒྱུད་ཡིན།།

ཆུ་འདི་ཚོ་སྲུངས་དང་འཐུང་ཆུ་ཡིན།།

ལྷོ་འཛམ་གླིང་རྒྱན་གྱི་གངས་ལྗོངས་ན།

འབྲུ་གྲོ་ནས་སྲན་གསུམ་སྐྱེས་ཡག་དེ།

དྲིན་ཕ་མ་བཟང་བོའི་བཞག་པའི་ནོར།།

འབྲུ་འདི་ཚོ་ཐོབ་དང་ཁ་ཟས་ཡིན།།

༼ ཚེ་རིང་ནད་མེད། ༽