国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཀྱི་ཀོ་གྲུ་།

རྡུལ་གྱིས་བཟས་པའི་མེ་

ལོང་ས་རུ་འཐིམ། །

རི་གཟར་གཙང་པོ་དྲན་པའི་

ཁུད་དུ་ལུས། །

སྐྱོ་གདུང་སྨུག་སྤྲིན་མནབས་པའི་

རི་བོ་ལགས། །

ཅི་ཞིག་བོར་བའི་སྨྲེང་བ་

ཁོག་ཏུ་གསང་། །

རླུང་གིས་ཁུར་བའི་རྩྭ་ལོ་རེ་རེ་ཡང་། །

མི་མཐོང་ལ་མོ་སྟོང་གི་ཕ་རོལ་ན། །

ལས་ཀྱི་ནགས་ཀློང་འཁྲིས་སུ་

རང་རང་གིས། །

འཛད་མཐའ་མེད་པའི་ཟློས་

གར་འབྲི་བར་བྲེལ། །

མཚོ་ལ་ཟགས་པའི་ཟླ་གཟུགས་ཡུན་

གྱིས་འགུལ། །

དྲན་པར་ཐོགས་པའི་རླུང་བུ་

བསྐྱར་དུ་ལྡང་། །

ཚོར་བའི་གཏིང་ན་གཡོ་བའི་

གཙང་བོ་ལགས། །

སེམས་ཀྱི་གྲུ་ཆུང་ཕ་མཐར་

མི་སྐྱེལ་རོགས། །

སྲོད་ཀའི་མཚམས་སྤྲིན་རྒྱང་

རིང་ཡུལ་དུ་གྱེས། །

བྱ་ཚོགས་དག་ཀྱང་འཕུར་

ནས་ཕྱོགས་བཞིར་བརྟོལ། །

སྨྲ་བ་མེད་པའི་གཙང་འགྲམ་

སྡོང་བོ་དག །

སུ་ཞིག་དྲན་པའི་སེམས་

གཅོང་བྲང་ཁར་སྦས། །

གནམ་སས་བཅད་པའི་ནུབ་

ཁའི་སྐར་ཕྲན་དག །

མུན་པའི་སྲུབ་ན་འདར་ཞིང་

བདག་སར་ཕྱོགས། །

སེམས་ཀྱི་འདང་ལ་བརྐོས་པའི་

རི་མོའི་ཚོགས། །

ཁོ་བོའི་རྨི་ལམ་གཞུང་ལ་

ཡུན་གྱིས་འབབ། །

དབྱར་ཁ་སླེབས་ཀྱང་ཆར་

ཟིལ་མཐོང་མ་བྱུང་། །

ཁུ་བྱུག་གྲགས་ཀྱང་ཁ་བ་སྔར་

བཞིན་ལྷུང་། །

སྒུག་སྒུག་སྐྲ་ལོ་འཐོར་བའི་

མཁར་རྫོང་ན། །

མཆི་མའི་རྦ་རླབས་སྐྱོམ་པ་

ཚོར་རམ་ཅི། །

མུ་མེད་ཁྲི་ཕྲག་གཙང་པོའི་ཕ་

རོལ་ན། །

སྣང་བའི་རི་ཚོགས་ཉུལ་

བའི་བྱ་རྒོད་ཅིག །

སྐྱེ་བ་བརྒྱ་ལ་བཏབ་པའི་

དམ་ཚིག་དེས། །

ཁོ་བོའི་དྲན་པའི་གཤོག་སྣེར་

ཡང་ཡང་ཐོགས། །

སྒེའུ་ཁུང་འགྲམ་ན་རྒྱུ་བའི་

བསིལ་རླུང་གིས། །

ང་ཡི་རྨི་ལམ་ཡང་དང་བསྐྱར་དུ་ཀློག །

རི་དེའི་མཐོ་སར་ལྷུང་བའི་ཁ་བ་དག །

ག་ལེར་བདག་གི་སྣང་བའི་

ཟབ་སར་བྱོ། །

རྒྱང་སྐྱོད་སྤྲིན་པ་ཐར་ཐོར་

ལྷོ་རུ་འཕུར། །

ཁྲུང་ཁྲུང་དག་ཀྱང་དེ་ཡི་

རྗེས་སུ་བསྙེགས། །

ལེ་དབར་སྟོང་ཕྲག་དུ་མའི་ཕ་རོལ་ཀྱི། །

ཁྱེད་ཉིད་ཁོ་ན་དྲན་པའི་ཡུལ་དུ་ལྕི། །

བྱེ་མའི་རི་ལ་བཏབ་པའི་

རྐང་རྗེས་དག །

རྒས་ཀྱང་འཆི་བ་མེད་པའི་

ལོ་ཟླ་ཉིད། །

ལས་ཀྱི་གྲིབ་སོ་དབྱིངས་

སུ་མ་ཡལ་བར། །

དྲན་པའི་སྒོ་གླེགས་ནམ་

དུ་ཟིམ་པ་བྲལ། །

ཉི་མའི་མཁར་ལ་མུན་

པའི་གྲིབ་སོ་ལྷུང་། །

ཡར་ཀླུང་གཙང་པོ་སྐྱོ་བའི་

ཉམས་ཀྱིས་བཞུར། །

རླུང་བུ་སྔར་བཞིན་ལྡང་བའི་

བྱང་ཐང་ལགས། །

རྨི་ལམ་གཞུང་གི་དབྱར་ཁ་

འཆར་སྲིད་དམ། །

ལྗོན་སྡོང་གསེབ་ནས་ལོ་

མ་སིལ་བུར་འཐོར། །

ཁུ་སིམ་མཚན་མོ་རོལ་དབྱངས་

ཁོ་ནས་བསྐྱལ། །

ལོ་ཟླའི་ཞེན་ཆགས་འཁུར་བའི་

སྒྲོན་ངོགས་ནས། །

རྫོགས་མཐའ་མེད་པའི་སྙན་

ངག་བྲིས་ཤིང་བཀླགས། །

༼ གངས་དབྱངས་སོན། ༽