国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐད་ཅིག་མའི་ སེམས་ཚོར།

ལས་ཀྱི་དར་ལྕེ་རླུང་བུས་དགུང་དབྱིངས་སུ་སྒྲེང་དུས།།

སེམས་ཀྱི་མཆོད་ཁང་འཛུམ་པའི་གསོལ་

སྟོན་གྱིས་ཁེངས་བ།།

དཔྲལ་བའི་རི་མོ་ཆུ་མོའི་གཏིང་རིམ་དུ་རྒྱུ་དུས།།

དགོད་པའི་འཛུམ་མོ་རྒྱང་ནས་ཚུར་ཕྱོགས་སུ་ཀེར་བྱུང་།།

ལང་ཚོའི་མེ་ཏོག་གཞོན་པའི་ནམ་ཟླ་རུ་རྩེན་དུས།།

སྨན་ཆུང་སྒེག་ཉམས་ཁྲ་མོ་མིག་སྔུན་དུ་ལྡེམ་བྱུང་།།

ལོ་ཟླས་བཙན་གྱིས་སྟེར་བའི་རྒས་གཉེར་དེ་མཐོང་དུས།

ཕྱི་ལ་མིག་ཟུར་མེད་པའི་གྱེས་ཚིག་ཅིག་འཕངས་བྱུང་།།

སྤྲོ་དགའི་གླུ་གར་ཉི་མའི་དཀྱིལ་འཁོར་དུ་སྦྲུམ་དུས།།

སེམས་ཀྱི་གཡས་གཡོན་གཉེན་ཉེས་མདུད་པ་ཞིག་རྒྱག་བྱུང་།།

སྐྱོ་བའི་མཆི་མ་ས་ཆེན་པང་སྟེང་དུ་གཏོར་དུས།།

ཞལ་རས་སྤར་མོས་བཀལ་བའི་མི་ཚོགས་ལས་མི་འདུག།

སྐྱིད་སྡུག་སྤེལ་མ་རྒྱུས་པའི་ཚེ་རབས་ཀྱི་ཕྲེང་བར།།

དགའ་སྐྱོའི་སེམས་པ་བསྙལ་སའི་བརྟན་རླིང་གི་མི་བུ།།

བདེན་པའི་རོལ་མོ་དཀྲོལ་བའི་དྲང་སྲོང་གི་ཚོགས་ཀྱིས།།

མི་ཚེའི་ལ་མོའི་ཁ་ནས་མངོན་ཙམ་ཞིག་གནང་རོགས།།

༼ གཙོད། ༽