国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཇ་ཡུན་ཙམ་གྱི་དྲན་པ།

ཇ་ལོ་སྦང་པའི་དྲི་ཞིམ་ཁང་པར་ཁྱབ། །

སྨུག་རླབས་ཐན་ཐུན་རི་ལུང་ཀུན་ནས་ལྡང་། །

གངས་རྡུལ་ཕྲ་མོའི་མཛའ་བརྩེ་རི་ལ་ཕབ། །

དགུན་གཞུང་རིང་མོའི་མཚན་མོ་སྔར་ལས་གྲང་། །

དྲྭ་མིག་འགྲམ་ནས་གཅིག་པུས་སྙན་ཚིག་བཀླགས། །

ཚོར་བའི་མཐའ་རུ་དགའ་སྐྱོ་འདྲེས་མ་འཐུལ། །

དྲིལ་ཆུང་དཀྲོལ་བའི་སིལ་སྒྲ་རླུང་གིས་འཁྱེར། །

ཚེས་ཟླ་འཚེར་བའི་དགུ་ཚིགས་གྲོགས་སུ་བཀུག །

ངེས་མེད་ཕྱོགས་སུ་རྒྱུ་བའི་ཡུལ་གྱར་བ། །

ད་ཆ་གློ་བུར་སླེབས་པའི་ངང་ཚུལ་བཞིན། །

གནམ་འོག་འདི་ནས་གྲོགས་མེད་བདག་གཅིག་པུས། །

སྙན་ཚིག་དྲི་ཟའི་རྒྱུད་མངས་དཀྲོལ་ལ་བྲེལ། །

འོན་ཏེ་ཁོ་བོའི་རང་གཤིས་བརླན་པོ་ཡིས། །

སྙིང་ཐུབ་བྱམས་པའི་གྲོགས་ཤིག་མ་མཆིས་པས། །

བཅོས་མིན་ཡུན་རིང་སྦས་པའི་སེམས་གཏམ་དག །

ལྷུག་པོར་བརྗོད་ཀྱང་སུ་ཡིས་ཐོས་པར་གྲང་། །

༼ ཁམས་སྨྱུག་གསར། ༽