国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ཏེ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་བྱས་ནས་གོ་བ་ལེན་ཞིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱས།

འགུལ་འགོག་གནོད་སྐྱོབ་སོགས་ཀྱི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས།

སྤྱི་ཟླ9པའི་ཚེས16ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་ཟླ་བ9པའི་ཚེས5ཉིན་ལྕགས་ཟམ་དུ་ས་འགུལ་རིམ་པ6.8བྱུང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་ལ་སློབ་སྦྱོང་བྱས་ནས་གོ་བ་བླངས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་ལྕགས་ཟམ་རྫོང་དུ་འགུལ་འགོག་གནོད་སྐྱོབ་ལས་ཀར་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་གནོད་ཐེབས་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་དང་ས་འགུལ་གནོད་འཚེ་ཐེབས་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་དབྱང་དང་ཞིང་ཆེན་གྱི་ཏོག་གསར་གློ་རིམས་འགོག་ཟོན་སྐོར་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་ཁུལ་གྱིས་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བས་མ་ཚད་གསུང་བཤད་གནང་བ་རེད།

གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཟླ9པའི་ཚེས5ཉིན་ལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱིས་མགོ་ཁྲིད་བྱས་འོག། ཀྲུང་དབྱང་དང་ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཁག། སྤུན་ཟླའི་གྲོང་ཁྱེར་དང་ཁུལ། སྤྱི་ཚོགས་ཀྱི་ལས་རིགས་ཁག་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་འོག། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ཛ་དྲག་ངང་མྱུར་སྐྱོབ་བྱས་པ་དང་ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་སོ་སོ་དང་ལྷག་པར་དུ་ས་འགུལ་གནོད་འཚེ་ཐེབས་ཡུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་མང་སེམས་གཅིག་མཐུན་བྱས་ནས་མི་དམངས་གོང་བཀུར་རྒྱུ་དང་ཚེ་སྲོག་གོང་བཀུར་རྒྱུན་འཁྱོངས་ནས་འགུལ་འགོག་གནོད་སྐྱོབ་ཀྱི་ལས་དོན་སོ་སོར་ཞུགས་ཏེ་ཁམས་པའི་བུ་དང་བུ་མོ་ཚོའི་དྲིན་གཟོ་ཡར་བརྩོན་གྱི་སྟོབས་ཤུགས་གསར་པ་གོང་བུར་གཅིག་ཏུ་བསྒྲིམས་ནས་དཀར་མཛེས་ཁུལ་གྱི་སྙིང་སྟོབས་ལ་ནང་དོན་གསར་པ་བསྣན་ཡོད་པ་རེད།

( པར་ངོས་གཉིས་པར་གཟིགས།)