国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

མིག་སྔར། གནོད་འཚེ་ཐེབས་ཡུལ་གྱི་ལས་ཀ་སོ་སོ་གོ་རིམ་རིམ་བཞིན་སླར་གསོ་བྱུང་ནས་བར་བརྒལ་བཀོད་སྒྲིག་དང་གནོད་འཚེ་ཐེབས་ཡུལ་ཉམས་གསོ་བསྐྱར་སྐྲུན་གྱི་ཕྱོགས་སུ་སྒྱུར་བཞིན་ཡོད་པ་རེད། མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་ནས་མུ་མཐུད་དུ་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱེད་པའི་དུས་མཚུངས་སུ། གནོད་ཐེབས་མང་ཚོགས་ཀྱི་བསམ་འདུན་དང་ས་གནས་སོ་སོའི་དོན་དངོས་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་ཏེ་བརྟན་ཁྲོད་གོ་རིམ་ཡོད་པ་བར་བརྒལ་བཀོད་སྒྲིག་དམ་འཛིན་ཡག་པོ་བྱེད་པ་དང་། བར་བརྒལ་གྱི་པང་ཁང་ཇེ་མགྱོགས་སུ་བསྐྲུན་པ་དང་ཆབས་ཅིག། གཞི་རྩའི་འཚོ་བ་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་སྔོན་དུ་སླར་གསོ་བྱས་ནས་འཚོ་བའི་དངོས་ཟོག་ལ་སོགས་པའི་ཕྱོགས་སོ་སོར་འགན་ལེན་ཡག་པོ་བྱ་དགོས། ཚན་རིག་དང་མཐུན་པར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་ནས་གནད་དུ་སྨིན་ལ་ཚན་རིག་དང་མཐུན་པར་གནོད་འཚེའི་གྱོང་གུན་དཔྱད་དཔོག་ཡག་པོ་བྱས་ཤིང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་སྡེ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ས་འགུལ་གནོད་འཚེ་བྱུང་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་གྱི་སྤྱི་ཡོངས་ཀྱི་འཆར་འགོད་དང་ཆེད་དམིགས་འཆར་འགོད་བཟོ་བ་དང་ལག་བསྟར་ཡག་པོ་བྱ་དགོས། སྐྱེ་ཁམས་སྔོན་དུ་འཇོག་རྒྱུ་རྒྱུན་འཁྱོངས་ནས་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ཚགས་བཤེར་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱས་ནས་སྐྱེ་ཁམས་ཉམས་གསོའི་ལས་གཞི་འཆར་འགོད་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ས་འགུལ་གནོད་འཚེ་ཐེབས་རྗེས་ཀྱི་སྐྱེ་ཁམས་ཉེན་མེད་ལ་སྲུང་སྐྱོང་ཏན་ཏིག་བྱ་དགོས། གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་རྒྱུན་འཁྱོངས་ཏེ། གནོད་འཚེ་བྱུང་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་དེ་གྲོང་ཡུལ་སྡོད་ཁང་དང་སྤྱི་པའི་ཞབས་ཞུ། རྨང་གཞིའི་སྒྲིག་བཀོད་བཅས་བསྐྱར་སྐྲུན་དང་དེ་བཞིན་ས་གཤིས་གནོད་འཚེ་འགོག་བཅོས། མཛེས་ལྗོངས་ཁུལ་སླར་གསོ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་དམ་ཚགས་བྱས་ཏེ།རྒྱུད་རིམ་ལྡན་པའི་ཇུས་འགོད་དང་གཅིག་གྱུར་ཡོང་བར་སྐུལ་འདེད་གཏང་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་འགུལ་འགོག་གནོད་སྐྱོབ་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་ཞིང་། སྔོན་ཐོན་གྱི་བྱས་རྗེས་དང་དཔེ་མཚོན་མི་སྣའི་དྲིལ་བསྒྲགས་རྒྱུན་མཐུད་ལེགས་པོར་བྱེད་པ་དང་། སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་དར་སྤེལ་ཤུགས་ཆེན་གཏོང་བ། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་དངོས་ཀྱི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་མཐུད་དུ་འཛུགས་སྐྱོང་བྱ་དགོས། འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་ནས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་ནས་གནོད་འཚེ་ཐེབས་ཡུལ་དུ་བདེ་སྐྱིད་མཛེས་སྡུག་གི་ཁྱིམ་གཞིས་གསར་པ་སྐྲུན་གང་ཐུབ་བྱ་དགོས།

ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རྒྱལ་ནང་དང་ཞིང་ཆེན་ནང་ཁུལ་གྱི་རིམས་ཚུལ་རྒྱུན་མཐུད་དུ་ཁྱབ་མཆེད་འབྱུང་བཞིན་ཡོད་པར་བརྟེན། ཁུལ་ནང་ཁུལ་གྱི་རིམས་ཚུལ་འགོག་ཟོན་ཚོད་འཛིན་གྱི་ལས་དོན་ལས་གྲྭ་མང་པོའི་ཐོག་ནས་སྤེལ་བའི་རྣམ་པ་དང་འཕྲད་ཡོད། རྒྱལ་སྟོན་གྱི་གུང་གསེང་འཆར་ཉེར་ཡོད་པའི་ཁར་འགུལ་འགོག་གནོད་སྐྱོབ་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད་པས་རིམས་ཚུལ་འགོག་ཟོན་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་རེད། རྫོང(གྲོང་ཁྱེར)ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ཐོག་སླར་ཡང་མཐོང་ཆེན་བྱས་ནས་གཡོ་འགུལ་སྤུ་ཙམ་མེད་པར“ཕྱི་ནས་ཁྱབ་མཆེད་ཡོང་བ་དང་ནང་ནས་བསྐྱར་ཐོན་པར་འགོག་ཟོན་བྱ་རྒྱུའི”སྤྱི་ཡོངས་ཀྱི་ཐབས་ཇུས་དང“འགུལ་རྣམ་གཙང་སེལ་བྱ་རྒྱུའི”སྤྱི་ཡོངས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་ཏེ་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ་གཞི་ཁྱོན་ཅན་གྱི་རིམས་ཚུལ་མི་ཐོན་པའི་མཐའ་ཚད་བརྟན་པོ་བསྲུངས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཟང་ཟིང་གཏན་ནས་བཟོ་མི་རུང་། བྱ་སྤྱོད་ཐོག་སླར་ཡང་ཤུགས་སྣོན་པ་དང་བཀོད་འདོམས་མ་ལག་མུ་མཐུད་དེ་རྒྱུན་ལྡན་དང་ནུས་ལྡན་ངང་འཁོར་སྐྱོད་བྱེད་པ། འཚུབ་བསྟུན་སྔོན་ཇུས་ཞིབ་ཚགས་དང་འཐུས་ཚང་དུ་གཏོང་བ། ཐབས་ལམ་མང་པོའི་ཐོག་ནས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏང་རྒྱུར་ཤུགས་སྣོན་རྒྱག་པ། རེས་སྐོར་གསར་པའི་མི་ཚང་མར་ཉིང་སྐྱུར་དཔེ་དཔྱད་ཇེ་མགྱོགས་སུ་གྲུབ་པ་བྱས་ཤིང་། ཁྱོན་ཡོངས་ནས་འབྱུང་རྩ་ནས་ལེགས་སྒྲིག་དང་ཉིང་སྐྱུར་དཔེ་དཔྱད་། ལོགས་བཀར་སྨན་བཅོས་དང་འཚུབ་བསྟུན་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དུས་ཐོག་ཏུ་རིམས་ཚུལ་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་གང་ལེགས་བྱ་དགོས། འགོག་སྲུང་འཛིང་རགས་ཀྱི་ཐོག་སླར་ཡང་བརྟན་དུ་བཏང་སྟེ“སི་ཁྲོན་དུ་འོང་ན་ཉིང་སྐྱུར་དཔེ་དཔྱད་དགོས་པ”དང“ས་འགུལ་གནོད་འཚེ་ཐེབས་ཡུལ་དུ་འགྲོ་ན་ཉིང་སྐྱུར་དཔེ་དཔྱད་དགོས་པ་”སོགས་ཀྱི་བྱེད་ཐབས་ལག་བསྟར་ནན་པོ་བྱས་ནས་གཙོ་གནད་གནས་ཡུལ་ལ་དོ་དམ་ཁྱབ་བསྒྲགས་བྱ་རྒྱུར་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ“བདེ་ཐང་ཨང་རྟགས་དང་འགྲོ་སྐྱོད་ཨང་རྟགས་དེ་གཉིས་ལ་ངེས་པར་དུ་བལྟ་དགོས། ཉིང་སྐྱུར་དཔེ་དཔྱད་ངེས་པར་དུ་ཚད་ལེན་བྱ་དགོས་པ། ཁ་ཤུབས་ངེས་པར་དུ་བརྒྱག་དགོས་པ”སོགས་ཀྱི་འགོག་ཟོན་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་དགོས་ངེས་མིན་ན་ཁུལ་ནས་ཕྱིར་མི་འགྲོ་བ་དང་། མི་སྣ་འགྲོ་སྐྱོད་ཉུང་དུ་གཏོང་བ། རིམས་ཚུལ་ཁྱབ་མཆེད་འགོག་ཟོན་བཅས་བྱ་དགོས། འགན་འཁྲི་དོན་འཁྱོལ་ཡང་ནས་ཡང་དུ་བྱས་ནས་རིམ་པ་བཞིན“ཕྱོགས་བཞིའི་འགན་འཁྲི”ནན་དུ་གཏོང་བ་དང་། རིམ་ཁག་དང་སྡེ་ཚན་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་བཀོད་སྒྲིག་དང་ཡུལ་དངོས་སུ་བྱ་བ་སྤེལ་ཞིང་། རིམ་ཁག་ཏང་མི་ལས་བྱེད་པས་རང་དཔེ་གཞན་སྟོན་དང་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་རིམས་ཚུལ་འགོག་ཟོན་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས་རིམས་ཚུལ་འགོག་ཟོན་ཐུབ་པ་དང་དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བརྟན་འཇགས་ཡོང་བ་བཅས་འགན་ལེན་བྱ་དགོས།།

( ལྷ་འཛོམས་ཀྱིས་བསྒྱུར།)