国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ད་སྔར། ལྕགས་ཟམ་རྫོང་གི་ས་འགུལ་གནོད་འཚེ་ཐེབས་ཡུལ་གྱི་བཀོད་སྒྲིག་ས་ཚུགས་མགྱོགས་མྱུར་དུ་འཛུགས་སྐྲུན་བྱེད་བཞིན་པ་རེད། ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་གྱི་བཀོད་སྒྲིག་ས་ཚུགས་དང་པོར་སི་ཁྲོན་ཧྭ་ཞི་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་ཨར་ལས་པས་བཀོད་སྒྲིག་ས་ཚུགས་ཀྱི་ཁང་པའི་གྲུབ་ཆ་གཙོ་བོ་དང་སྲུང་ར། སྒོ་དང་སྒེའུ་ཁུང་སོགས་སྐྲུན་བཞིན་ཡོད་པ་རེད། དེ་དག་བསྐྲུན་རྗེས་ཆུ་དང་གློག། འཕྲིན་གཏོང་སོགས་སྒྲིག་སྦྱོར་བྱ་རྒྱུ་རེད། པར་འདི་ནི་བཟོ་པ་ཚོས་མགྱོགས་མྱུར་དུ་དཀོད་སྒྲིག་ས་ཚུགས་སུ་ཨར་ལས་བྱེད་བཞིན་པའི་ཚུལ་རེད།