ནམ་མཁའ་ཁྱོད་ཡངས་དྲགས་པས།
སྨག་རུམ་མི་ཆུད་མ་ཟེར་རོགས།
ས་གཞི་ཁྱོད་རྒྱ་ཆེ་བས།
མཚན་སྨག་མི་ཤོང་མ་ཟེར་རོགས།
ཉི་མ་ཁྱོད་ཤིན་ཏུ་གསལ་བས།
སྨག་ནག་དང་མི་མཐུན་མ་ཟེར་རོགས།
རླུང་བུ་ཁྱོད་ཡང་བས།
སྨག་གཞུང་ལ་དངངས་འདུག་མ་ཟེར་རོགས།
དུར་ཁྲོད་ཁྱོད་སྐོམ་དྲགས་པས།
ཆར་སྨག་དེ་འཐུང་དགོས་མ་ཟེར་རོགས།
སྨག་རུམ་གྱི་འོད་ཟེར་ད་རུང་འཁྱིལ་དགོས།
སྐོམ་གདུང་གི་ཆར་སྨག་ད་རུང་ཉན་དགོས།
ཡིད་འོང་གི་མཚན་སྨག་ད་རུང་སྐྱེལ་དགོས།
༼ གུ་དཔལ་ཤིས། ༽
