国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྷ་ས་ལགས།

ལྷ་ས་ལགས། གོ་ཐོས་སུ།

ཁྱེད་ཀྱི་གཡའ་དག་པའི་ནམ་མཁར་སྤྲིན་

ནག་འཁྲིགས་འདུག་ཟེར།

ཁྱེད་ཀྱི་རྡུལ་དྭངས་པའི་ས་གཞིར་ཐན་པ་

འཁོར་འདུག་ཟེར།

སྐྱིད་ཆུ་རིང་མོ་ཡང་མྱ་ངན་གྱིས་བཞུར་གྱིན་

འདུག་ཟེར།

དོ་ནུབ།

བདག་གིས་རི་སུལ་འདི་ནས་ཁྱེད་རང་དྲན།

འཚང་ག་ཤིག་ཤིག་གི་བར་སྐོར་ནང་གི་མི་ཚོགས་

དེ་དག་དྲན།

མི་ཚོགས་དེ་དག་གི་དད་མོས་དང་ཡིད་ཆེས་ཀྱི་

རྡོག་སྒྲ་ཐྲིག་ཐྲིག་དེ་དྲན།

ད་དུང་། ཉི་ཟླ་ཟུང་འཇུག་གི་འོད་ཟེར་

ངོས་ཀྱི་པོ་ཏ་ལ་དྲན།

པོ་ཏ་ལའི་འོད་ཟེར་ལམ་ལམ་གྱི་རྒྱ་ཕིབས་

དང་གསེར་ཏོག་ལྷག་ཏུ་དྲན།

དུས་ད་ལྟ།

གོམ་སྒྲ་དེ་དག་སྟོང་འཇགས་སུ་སོང་སྟེ།

མི་རྣམས་ཀྱིས་ངག་མི་སྨྲ་བའི་ཚུལ་ཇི་བཞིན།

མདོག་གཅིག་ཏུ་མ་ངེས་པའི་ཁ་ཤུབས་རེ་རེ་

བརྒྱབ་ནས།

ཁྱེད་དང་རིང་དུ་བཀྱེད་དེ་སོ་སོར་ལོག་རྗེས།

ཁྱེད་རང་གཅིག་པུས་ཁེར་རྐྱང་གི་དྲན་

གདུང་ཁུར་ཏེ།

སྨུག་སྤྲིན་ལང་ལོང་གིས་གཏུམ་པའི་རི་བོ་ཞིག་

གི་ཚུལ་མཛད་བཞིན་ཡོད་ངེས།

ལྷ་ས་ལགས།

སྡིག་སྒྲིབ་ནག་ནོག་ཅིག་གནམ་ནས་ལྷུངས་ཏེ།

ཡང་ན། མ་ཉེས་པའི་རླངས་དྲི་ཞིག་ས་

ནས་མཆེད་དེ།

ཁྱེད་ཀྱི་འཇིག་རྟེན་དུ་བཙན་རྒོལ་བྱས་ཀྱང།

ཁྱེད་རང་དུས་རྟག་ཏུ་ཞེ་གནོང་དོན་མི་འདུག་སྟེ།

ཁྱེད་ནི་ཡེ་གདོད་མ་ནས་སྲིད་པའི་རྩེ་མོར་

གནས་བཅས་པའི།

རང་བྱུང་གི་ཁ་བ་དཀར་པོ་ཞིག་ཡིན།

ལྷ་ས་ལགས།

ཁྱེད་ཀྱིས་སྨྲེང་སྐྱོ་འདྲེས་མའི་སྤྱན་ཟུང་ཡངས་

པོར་ཕྱེས་དང་།

ཁྱེད་ཀྱིས་སྐྱོ་བས་བཏེགས་པའི་མགྲིན་

པ་བོར་ཏེ།

སླར་ཡང་སྙན་འཇེབས་ཀྱི་གླུ་དབྱངས་

ལོངས་དང་།

ང་ཚོ། ཁྱེད་ཀྱི་གཡའ་དག་པའི་ནམ་མཁའ་

ལ་སྔར་བཞིན་དགའ།

ང་ཚོ། ཁྱེད་ཀྱི་རྡུལ་དྭངས་པའི་ས་གཞི་

ལ་སྔར་བཞིན་དུངས།

༼ དཀར་པོ་ཚེ་རིང་། ༽