国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲི་ཞིམ་སྣ་ཚོགས་བྱ་ཁྱུང་གྲོང་དུ་འཐུལ།

སྟོན་ཟླ་འབྲིང་པོའི་དུས་སུ་ཁྱུང་ཆེན་གྱིས་གཤོག་པ་རྐྱོང་འདྲའི་ས་དབྱིབས་ཆགས་ཚུལ་མངོན་པའི་འབའ་ནོར་བུ་ས་ཆ་ཞེས་མཚན་སྙན་ཡོད་པའི་ཡུལ་གྲུ་འདིའི་ཁྲོམ་ལམ་ཆེ་ཆུང་ཀུན་ཏུ་མེ་ཏོག་སྣ་ཚོགས་ཀྱི་བཞད་པའི་དྲི་ཞིམ་བསིལ་འཇམ་གྱི་སྟོན་རླུང་ལྡང་བ་དང་འགྲོགས་ནས་འཐུལ་བཞིན་འདུག།

སྟོན་ཁའི་ཆར་རྒྱུན་ཟིམ་བུ་རྗེས་འབའ་ཐང་རྫོང་གྲོང་ཁུལ་གྱི་ཁྲོམ་གཞུང་དུ་འཆམ་འཆམ་འགྲོ་སྐབས་མེ་ཏོག་གི་དྲི་ཞིམ་ནི་དྲི་འཛིན་དབང་པོས་ལོངས་སུ་སྤྱོད་ཡས་སུ་གྱུར། དུས་དེར་ཨ་སྔོན་དབྱིངས་སུ་སྤྲིན་དཀར་ཕུང་པོ་འཁྲིགས་པའི་འོག། ཤིང་འབྲས་ཆུང་ངུ་ཡིས་དམར་མདངས་བཀྲ་བཞིན་མེ་ཏོག་གི་དྲི་ཞིམ་དང་འདྲེས་ནས་མཐོ་སྒང་གི་ནོར་བུ་ས་ཆ་ལ་གཞན་དང་མི་འདྲ་བའི་དགའ་མགུ་ཡོད་པ་བྱས་དང་བྱེད་བཞིན་འདུག། ( ཡེ་མིང་གིས་བསྒྱུར། )