国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

ཚོགས་འདུའི་ཐོག་བསྟན་དོན། བཅོས་བསྒྱུར་གྱི་བྱ་ཐབས་ལ་བརྟེན་ནས་གནོད་འགོག་གནོད་སེལ་གྱི་མ་ལག་འཐུས་ཚང་དུ་གཏང་རྒྱུ་མཐའ་འཁྱོངས་བྱ་དགོས། གནོད་འགོག་གནོད་སེལ་གནོད་སྐྱོབ་ཀྱི་སྒྲིག་སྲོལ་དང་ནང་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།རང་བྱུང་གནོད་འཚེ་དང་ལྷག་པར་དུ་ས་འགུལ་རྗེས་ཀྱི་ཞོར་ཐོན་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡའི་མ་ལག་འཐུས་ཚང་དུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚགས་བཤེར་དང་བཅོས་སྒྲིག་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་རང་བྱུང་གནོད་འཚེ་འགོག་པའི་ཕྱོགས་བསྡུས་དོགས་ཟོན་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏང་དགོས། ཁེ་ལས་དང་ཞིང་སྡེ། སྤྱི་ཁུལ། སློབ་གྲྭ། ཁྱིམ་ཚང་བཅས་སུ་གནོད་འགོག་གནོད་སེལ་གྱི་ཤེས་བྱ་ཁྱབ་གདལ་གཏང་རྒྱུར་སྐུལ་འདེད་བཏང་ནས་རྣམ་པ་སྣ་ཚོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་ཉེན་ཟོན་སློབ་གསོ། འཚུབ་བསྟུན་གྲབས་སྦྱོང་བཅས་སྒྲིག་འཛུགས་བྱས་ནས་སྤེལ་དགོས། གནོད་སྐྱོབ་དངོས་ཟོག་གྲབས་གསོག་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཚུབ་བསྟུན་སྐྱེལ་འདྲེན་སྟོབས་ཤུགས་བསྡུས་པ་དང་གཏོང་འདྲེན་ནང་སྲོལ་བཙུགས་ནས་འཚུབ་བསྟུན་དངོས་ཟོག་འགག་རྩའི་དུས་སུ་འདོན་ཐུབ་པ་དང་སྤྱོད་ཐུབ་པར་འགན་ལེན་བྱས་ཏེ་འཚུབ་བསྟུན་འགན་ལེན་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏང་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གཙོ་གནད་ཁྱབ་ཁོངས་དང་འགག་རྩ་ཐུག་སའི་བཅོས་བསྒྱུར་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱ་དགོས། དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ནང་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། ཁེ་ལས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ནུས་ཁུངས་གཙང་མ་དང་ཁྱད་ཆོས་ཀྱི་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར་བཅས“དོན་ཆེན་གསུམ”མུ་མཐུད་དེ་ཡག་པོ་བསྒྲུབས་ནས“དཔལ་འབྱོར་དོན་གཉེར་དང་འཛུགས་སྐྲུན་བྱེད་པའི”ལོ་འཁོར་གྱི་གྲུབ་འབྲས་ཡག་པོ་འབུལ་དགོས། སྐྱེ་ཁམས་ཤེས་དཔལ་ལ་དམིགས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་ཀྱི་འགན་འཁྲི་ལྕི་པོ་རང་རྟོགས་ངང་འཁུར་ནས་རྒྱལ་ཁབ་ཀྱི“ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར”གྱི་འཐབ་ཇུས་ལ་མ་བསྐུལ་དང་ལེན་ངང་ཞབས་འདེགས་ཧུར་ཐག་ཞུས་ཏེ་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་གྱི་ནུས་པ་མུ་མཐུད་ནས་ཆེ་རུ་གཏང་དགོས། དམངས་འཚོ་ལེགས་བཅོས་ལ་དམིགས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཡོང་བ་དང་ཡུལ་སྡེ་དར་རྒྱས་གཏོང་བའི་བར་འབྲེལ་མཐུད་ནུས་ལྡན་བྱེད་པ། སྤུས་ཀ་བཟང་ལ་ཕན་འབྲས་ཆེ་བའི་རིམ་དབྱེའི་སྨན་བཅོས་མ་ལག་གང་མགྱོགས་འཛུགས་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞིའི་མ་ལག་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་ལྷག་དོན་དུ“9·5”ཡི་ས་འགུལ་རིམ་པ6.8ཀྱི་གནོད་རྗེས་བསྐྱར་འཛུགས་ལས་དོན་རྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་དང་ལག་བསྟར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་དང་སྤྱི་པའི་ཞབས་ཞུ། རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན། ས་གཤིས་གནོད་འཚེ་འགོག་བཅོས། ལྗོངས་ཁུལ་སླར་གསོ། སྐྱེ་ཁམས་སླར་གསོ། ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས་གནོད་འཚེ་ཐེབས་ཁུལ་དེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཞིག་ཏུ་བསྐྲུན་དགོས། སྤྱི་ཚོགས་བརྟན་ལྷིང་ཡོང་བར་དམིགས་པ་དང་། བཅོས་བསྒྱུར་གསར་གཏོད་ལ་བརྟེན་ནས་ཉེན་ཁ་སྔོན་འགོག་དང་འདུམ་སེལ་བྱེད་པ། སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན་རྩད་ཞིབ་བཅོས་སྐྱོང་བྱེད་པའི་ཡུན་ཕན་ནང་སྲོལ་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་བར་འབད་བརྩོན་བྱ་དགོས།

ཚོགས་འདུའི་ཐོག་བསྟན་དོན། བཅོས་བསྒྱུར་གྱི་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏང་དགོས། རྒྱུད་རིམ་ཧྲིལ་པོ་དང་ལས་ཕྱོད་ཆེ་བ། ཞིབ་དཔྱད་ཆོག་པ་བཅས་ཀྱི་བཅོས་བསྒྱུར་དོན་འཁྱོལ་གྱི་ནང་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་རྩེ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་བར་གྱི་འབྲེལ་བ་དང་། བློ་ཁོག་ཆེན་པོ་དང་གོམ་སྟབས་བརྟན་པོའི་བར། སྤྱི་ཡོངས་སྐུལ་འདེད་དང་གཙོ་གནད་འགག་གཏོར་བར་གྱི་འབྲེལ་བ་གཅིག་འདོམས་ཐག་གཅོད་ཡག་པོ་བྱ་དགོས། བཅོས་བསྒྱུར་གྱི་ལས་འགན་བཀོད་གཏོང་བྱེད་པའི་ནང་སྲོལ་འཛུགས་པ་དང་། བཅོས་བསྒྱུར་ལྟ་ཞིབ་དང་དྲིལ་བསྒྲགས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བཅོས་བསྒྱུར་གྱི་ལས་འགན་དུས་བཀག་ལྟར་སྐུལ་སྤེལ་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས། བཅོས་བསྒྱུར་ལ་དྲང་ཕྱོགས་ནས་སྐུལ་མ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱིས་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པར་བསྔགས་སྐུལ། དུས་ཐོག་ཏུ་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས། བཅོས་བསྒྱུར་གྱི་མིག་དཔེ་མཚོན་བྱེད་མི་སྣ་འདེམས་པ། མུ་མཐུད་ནས་ཤུགས་བརྒྱབ་སྟེ་དུས་རབས་གསར་པའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། བཅོས་བསྒྱུར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས།

ཁུལ་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ལྷན་གྱི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།། ( སྐལ་ཐུབ་ཀྱིས་བསྒྱུར།)