国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བསམ་གཏན་ ཆོས་སྒྲོན།

འཁྱག་རོམ་སྦུབས་སུ་བཞུར་བའི་གངས་རི་དང་། །

ཉོན་མོངས་གཙང་སར་འདོན་པའི་ཚང་ཚིང་ངོགས། །

ཆོས་ཉིད་བདེན་བཞི་བསྒོམས་པའི་སྦྱང་སྟོབས་ཀྱིས། །

སྒྱུ་མའི་གར་ཀྱིས་མ་དག་གནས་ཡུལ་བརླགས། །

ཆགས་སྡང་དུག་གི་སྨྲ་ལྕེའི་རྫོང་གོག་གཏོར། །

རིན་ཆེན་ལུས་ཀྱི་མེ་ཏོག་རྒྱས་པའི་ཁར། །

ལྗགས་ཀྱིས་པདྨོའི་ཁོ་ལག་ཡངས་པོར་ཕྱེ། །

འཁྲུལ་ངོར་སྙིགས་མའི་ཁྲོད་ན་བདེན་ལམ་བཙལ། །

ཡ་གིའི་དབྱིངས་ན་མཐོ་བའི་ལྷ་ལམ་དུ། །

བདེ་སྟོང་ཆོས་ཀྱི་གླིང་བུ་འབུད་པ་ཚོར། །

༼ འཆིང་གྲོལ། ༽