བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཆགས་པའི་ལྷ་ཀླུ་འདམ་ར་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་གླིང་ཁུལ་ཞིག་ཡིན་པ་རེད། དེར་ཆུ་རྩ་གསོ་འཁྱོངས་དང་ཁོར་ཡུག་གཙང་བཟོ། སྐྱེ་ཁམས་ལེགས་བཅོས་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་ཡོད་པར་བརྟེན།ལྷ་སའི་གློ་བ་ཞེས་མཚན་སྙན་ཡོད་པ་རེད། ཉེ་ཆར། གནམ་གཤིས་རིམ་བཞིན་གྲང་དུ་འགྲོ་བའི་ལྷན་དུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་པའི་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་གླིང་ཁུལ་དུ་མཛེས་སྡུག་དམིགས་བསལ་ཅན་གྱི་རྣམ་པ་ཞིག་མངོན་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྲུང་སྐྱོང་གླིང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ12ལས་བརྒལ་ཞིང་། དེ་ནི་མཚོ་བོད་མཐོ་སྒང་གི་གྲོང་ཁྱེར་ས་ཁོངས་ནང་གི་མཐོང་དཀོན་པའི་སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་ཅིག་རེད། ལྷ་ཀླུ་འདམ་ར་ནི2017ལོར་རང་རྒྱལ་གྱི་ཚན་པ་དང་པོའི་རྒྱལ་ཁབ་རིམ་པའི་འདམ་རའི་ཡུལ་སྐོར་དཔེ་སྟོན་རྟེན་གཞིར་བདམས་ཡོད་པ་རེད།
(ཡེ་ཤེས་ཀྱིས་བསྒྱུར། )