国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱིས“སྐྱེ་ལྡན་ཁུལ”དང་གནག་ཕྱུགས་ཐོན་ལས་གཅིག་སྡུད་འཛུགས་སྐྱོང་དང་བོད་ཕག་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུའི་ཐོག།

ཁྱད་འཕགས་ཐོན་ལས་འཕེལ་རྒྱས་དང་སྟོབས་ལྡན་བཏང་ནས་གནས་མཆོག་དཀར་མཛེས་ཁུལ་གྱི་སྐྱེ་ལྡན་སྤུས་རྟགས་གཏོད་དགོས་ཞེས་གསུངས།

སྤྱི་ཟླ11པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གཙོ་སྐྱོང་གནང་ནས་དཀར་མཛེས་ཁུལ་གྱིས“སྐྱེ་ལྡན་ཁུལ”དང་གནག་ཕྱུགས་ཐོན་ལས་གཅིག་སྡུད་འཛུགས་སྐྱོང་དང་བོད་ཕག་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུ་འཚོགས་པ་རེད། འབྲེལ་ཡོད་ལས་ཀར་སྐུལ་འདེད་གཏོང་ཚུལ་གྱི་སྙན་ཞུར་གསན་འཇོག་དང་གནས་པའི་གནད་དོན་ལ་དབྱེ་ཞིབ་བརྡར་ཤ་གཅོད་པ། ཕྱིན་ཆད་ཀྱི་གཙོ་གནད་ལས་ཀ་བཀོད་སྒྲིག་མཛད་པ་རེད།

ཧྥུང་ཧྥ་ཀུའེ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲའན་ཞི་ཡན་ཨན་དུ་ཡུལ་སྡེ་དར་རྒྱས་གཏོང་བར་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། རང་ཁུལ་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་དང་ཁྱད་ཆོས་ཞིང་འབྲོག་ཐོན་ཁུངས་ཀྱི་ཁྱད་འཕགས་བརྟེན་སྲུང་བྱེད་གང་ཐུབ་བྱས་ནས། ཁྱད་ཆོས་ཞིང་འབྲོག་ལས་འཕེལ་རྒྱས་དང་སྟོབས་ལྡན་གཏང་རྒྱུར་སྐུལ་འདེད་མགྱོགས་པོ་གཏང་དགོས་པ་དང་། ཆུང་གྲས་དང་སྤུས་ལེགས། ཁྱད་ཆོས།ཁྱད་འཕགས་བཅས་ཚད་བརྒལ་དང་འཇུག་སར་བྱས་ཏེ། ཉེན་མེད་ཀྱི་དཀར་མཛེས་ཁུལ་གྱི་སྐྱེ་ལྡན་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཞིང་འབྲོག་ཐོན་ལས་སྤུས་ཚད་ཡག་པོ་དང་ཕན་འབྲས་ཆེ་བ། རྒྱུན་མཐུད་རུང་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ནས་ཐོན་ལས་དར་རྒྱས་དང་དམངས་འཚོ་ལེགས་སྒྱུར་གྱི་རྨང་གཞི་བརྟན་དུ་ཏན་ཏིག་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་གསུངས་དོན། ད་ལོ་ནས་བཟུང་ཁུལ་ཡོངས་ཀྱིས་སྐྱེ་ལྡན་གླིང་ཁུལ་གྱིས་ཞིང་འབྲོག་ལས་འཕེལ་རྒྱས་ལ་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་གནག་ཕྱུགས་ཐོན་ལས་གཅིག་སྡུད་ཀྱིས་འཛུགས་སྐྱོང་བྱས་མཐར། ཁུལ་དཔོན་དང་རྫོང་དཔོན། གྲོང་དཔོན། ཅུས་ཀྲང་བཅས་ཀྱི་ལས་གྲྭར་བརྩིས་ནས་དམ་འཛིན་བྱས་པ་དང་བོད་ཕག་ཐོན་ལས་འཕེལ་རྒྱས་ལ་ཅིག་ཅར་དུ་སྐུལ་འདེད་བཏང་ནས་ལས་དོན་ཁག་འཕེལ་རྒྱས་དང་འགག་སྒྲོལ་བྱུང་ནས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་རེད། ཡིན་ནའང་ང་ཚོས་ས་གནས་ཁག་གིས་སོན་གསོའི་འགག་སྒྲོལ་དང་ལག་རྩལ་ཚད་ལྡན། སྤུས་རྟགས་གཏོད་པ་བཅས་ཀྱི་ཐད་ད་དུང་ཞན་ཆ་དང་དཀའ་ངལ་མང་པོ་ཡོད་པ་ནི་རིག་པ་དྭངས་གསལ་གྱིས་འཚོལ་རྙེད་ཐུབ་པ་བྱ་དགོས། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ལྡན་གླིང་ཁུལ་འཛུགས་སྐྱོང་བྱ་རྒྱུའི་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས། དཀར་མཛེས་ཁུལ་ས་ཁོངས་འཕེལ་རྒྱས་ཀྱི་ངེས་གནས་ཡང་དག་འཚོལ་བ་དང་། ཐོན་ཁུངས་རང་སྤུས་ཀྱི་ཁྱད་འཕགས་འདོན་སྤེལ་གང་ལེགས་བྱེད་པ། སྐྱེ་ཁམས་སྔོན་སྤེལ་དང་འབྱུང་འཕྲོད་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྱད་ཆོས་ཞིང་འབྲོག་ལས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས། ཕྱོགས་བསྡུས་ཞིབ་བསྡུར་དང་ཚོད་སྐོར་དབྱེ་ཞིབ་ཡག་པོ་བྱས་ཏེ་དགེ་སྤེལ་སྐྱོན་སྤོང་གིས་སྐྱེ་ལྡན་སྤུས་རྟགས་བཏོད་དེ་ཁྲོམ་རའི་འཛད་སྤྱོད་རིམ་སྤོར་དང་འཚམ་པ་བྱས་ནས། གནག་ཕྱུགས་དང་བོད་ཕག་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྐྱེ་ལྡན་ཁུལ་གྱིས་སྟོབས་འཕེལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་ཁྲིད་བྱ་དགོས།། (བདེ་སྐྱིད་ཀྱིས་བསྒྱུར།)