国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་དབྱི་པིན་དང་ལུའུ་ཀྲོའུ་གྲོང་ཁྱེར་དུ་ཕྱིན་ནས་སློབ་སྦྱོང་རྟོག་ཞིབ་བྱས།

(པར་ངོས་དང་པོར་མཐུད།) ཉེ་བའི་ལོ་ཤས་རིང་ལ་དཀར་མཛེས་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས།དམངས་འཚོ་བཅས་ཀྱི་ལས་ཀ་ཁག་གཅིག་གྱུར་འཆར་འགོད་ཀྱིས་ཡག་མོ་བསྒྲུབས་ནས་གྲུབ་འབྲས་མངོན་གསལ་དོད་ལ་འཕེལ་སྟབས་ཡག་མོ་རེད། རྒྱང་སྐྱོད་གསར་པའི་ལམ་བུར་བསྐྱོད་དེ་གོ་སྐབས་གསར་པར་འཕྲད་སྐབས། ཡུན་རིང་པོར་མཉམ་ལས་བྱ་རྒྱུའི་རྨང་གཞི་ཡོད་དགོས་ལ། ཕན་ཚུན་ལེགས་ཆ་གསབ་རེས་ཀྱིས་ཆ་རྐྱེན་ཡང་བསྐྲུན་དགོས་ལ། ལག་གདང་སྦྲེལ་ནས་འབད་འབུངས་ཡར་བརྩོན་གྱི་འདོད་བློ་དེ་ལས་ཀྱང་ཡོད་དགོས། ཡོངས་ཁྱབ་ཏུ་མཉམ་ལས་ཟབ་སྤེལ་བྱ་རྒྱུའི་མདུན་ལམ་རྒྱ་ཆེ་ཞིང་རེ་བ་ཆེན་པོ་ཡོད་པ་རེད། སླད་ཕྱིན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་ཀྱི་མཆན་བཀོད་མཛུབ་སྟོན་གསལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར་ལས་སྟེགས་ཡག་མོ་བཟོས་ནས་རང་རང་གི་ལེགས་ཆ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཁ་གཏད་རོགས་སྐྱོར་དང་ཐོན་ཁུངས་གསར་སྦོལ། རིག་གནས་ཡུལ་སྐོར། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་མཉམ་ལས་དཔེ་སྟོན་གཏོད་དེ་ཕན་ཚུན་མཉམ་ཁེ་ཐོབ་པ་དང་མཉམ་དུ་འཕེལ་རྒྱས་འགྲུབ་པ་བྱ་དགོས་ཞེས་གསུངས་པ་རེད།

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚབ་ཞུས་ནས་དབྱི་པིན་དང་ལུའུ་ཀྲོའུ་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གིས་དཀར་མཛེས་ཁུལ་ལ་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཧྲེང་དབྱང་གིས་ཐེངས་འདི་ལ་སློབ་སྦྱོང་དང་རྟོག་ཞིབ་བྱེད་དུ་འོང་བ་ནི་དྲིན་གཟོ་འཆང་བ་ཡིན་ལ། སློབ་སྦྱོང་བྱེད་དུ་འོང་བའང་ཡིན། དབྱི་པིན་དང་ལུའུ་ཀྲོའུ་གྲོང་ཁྱེར་གྱིས་ཡུན་རིང་པོར་དཀར་མཛེས་ཁུལ་ལ་བརྩེ་དུང་ཟོལ་མེད་དང་གཞན་ཕན་ལྷག་བསམ་བཅངས་ནས་རོགས་སྐྱོར་གནང་ཡོད་པས། ལོ་བཅུ་ལྷག་གི་རིང་ལ་མ་དངུལ་རྒྱབ་སྐྱོར་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་བཏང་ཡོད། ཕུགས་ཡུན་གྱི་གྲུབ་འབྲས་ནི་ཤེས་ཡོན་མི་སྣ་སྤེལ་རེས་བྱས་ནས་དཀར་མཛེས་ཁུལ་གྱི་ལས་བྱེད་པའི་ཕྱོགས་བསྡུས་འཇོན་ནུས་ཇེ་དྲག་ཏུ་བཏང་ཡོད། དེང་སྐབས་དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཟབ་མོ་སྤེལ་བཞིན་སྒང་ཡིན་པས། བརྟན་བརླིང་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་ལེགས་བཅོས། རིམས་ཚུལ་འགོག་ཟོན། ས་འགུལ་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་འཛུགས་སོགས་ཀྱི་ལས་ཀར་སྤྱི་འདོམས་ཀྱིས་ཡག་མོ་འཛིན་ཞིང་། “དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ”མགྱོགས་མྱུར་དུ་གསར་སྐྲུན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་མངོན་འགྱུར་ཡོང་བའི་ཕྱོགས་སུ་འབད་འབུངས་ཡར་བརྩོན་གྱིས་མདུན་དུ་བསྐྱོད་དགོས། དབྱི་པིན་དང་ལུའུ་ཀྲོའུ་གྲོང་ཁྱེར་གཉིས་དང་ལག་གདམ་སྦྲེལ་ནས་ལེགས་ཆ་གསབ་རེས་དང་མཉམ་ཁེ་མཉམ་ཐོབ། ཕན་ཚུལ་སྦྱོང་རེས་དང་ཕན་ཚུལ་སྐུལ་འདེད་གཏོང་ཞིང་། ཐོན་ཁུངས་གསར་སྦོལ་བེད་སྤྱོད་དང་ཐོན་ལས་མཉམ་ལས་འཕེལ་རྒྱས། ལས་བྱེད་པ་ཤེས་ཡོན་གཉིས་ལྡན་སྤེལ་རེས་སོགས་ཀྱི་ཐད་མཉམ་ལས་ཟབ་ཏུ་སྤེལ་ཞིང་། ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་རོགས་བརྒྱབ་སྟེ་དུས་རབས་གསར་པའི་རིགས་མཐུན་རོགས་སྐྱོར་གྱི་ལེའུ་གསར་པ་མུ་མཐུད་ནས་འབྲི་དགོས་ཞེས་གསུངས་པ་རེད།

ཁུལ་གྱི་འགོ་ཁྲིད་ཧྲི་ཀང་དང་ཡོན་མིང་ཀོང་། ཡན་ལུའེ་སོགས་རྟོག་ཞིབ་ནང་ཞུགས་ཡོད།།(ལྷ་འཛོམས་ཀྱིས་བསྒྱུར།)